R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 32
[A:32]སྟོན་པའི་སྐུ་ཚབ་བཞེངས་ཚུལ། ཡང་སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོའི་དབྱར་དེ་འཕགས་པ་དྲུག་སྡེས། འདོད་ཁམས་ཀྱི་ལྷའི་གནང་བ་དང་བསྟུན་ནས། སངས་རྒྱས་ཀྱི་སྐུ་ཚབ་ཁྲུ་བཅུ་དྲུག་པ་མྱ་ངན་འདས་ཆུང་བྱ་བ་དང་། གཟུགས་ཁམས་པའི་གནང་བ་དང་བསྟུན་ནས། སྐུ་ཚབ་ཁྲུ་སུམ་ཅུ་རྩ་གཉིས་པ་མྱ་ངན་འདས་ཆེན་བྱ་བ་བཞེངས་སོ། །དེ་ནས་ཤྲཱི་སེང་ཧས་རྟེན་དེ་གཉིས་ལ་བྱང་ཆུབ་ཀྱི་ཤིང་གི་ར་བས་བསྐོར་ནས་མཆོད་པ་ཆེན་པོ་བྱས་སོ། །དེ་ནས་ལོ་ཉི་ཤུ་ཙམ་ནས། བྲམ་ཟེ་མ་ཧཱ་པས་ལ་བྱ་བས་ཁྱིམ་བདག་ཆེན་པོ་གཅིག་གི་བུ་ཆེ་བ་མ་ཧཱ་སམ་བེ་རི་བོ་གངས་ཅན་གྱི་རྒྱུད་ཡུལ་ཝ་ར་ཎ་སིར། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་བདེན་བཞིའི་ཆོས་འཁོར་སྐོར་སར། རྡོ་རིན་པོ་ཆེ་ལ་རྒྱུ་བྱས་ནས་སངས་རྒྱས་ཀྱི་སྐུ་ཚབ་གཅིག་བཞེངས་པའི་མཚན་ནི། དྷརྨ་ཙཀྲ་ཟེར་རོ། བུ་འབྲིང་པོ་ཙཀྲ་སམ་བྷེ། རྒྱལ་པོའི་ཁབ་འོད་མའི་ཚལ། བྱ་ཀ་ལན་དྷ་ཀ་སྐད་འདོན་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་སར། གནས་ཆེན་བརྒྱད་ཀྱི་བྱང་ཆུབ་སྙིང་པོའི་ཤིང་གི་ལོ་མ་ལ་རྒྱུ་བྱས་ནས་སྐུ་ཚབ་གཅིག་བཞེངས་པའི་མཚན། བྷེ་མུ་ཝན་ཞེས་གྲགས་སོ། །བུ་ཆུང་བ་མ་ལ་སམ་བྷེས། མའི་ངག་བཞིན་དབུས་འགྱུར་རྡོ་རྗེ་གདན་གྱི་སྟེང། བྱང་ཆུབ་ཀྱི་ཤིང་གི་ཤར། སྟོན་པའི་སྐུ་རྒྱབ་བསྟན་ནས། སངས་རྒྱས་ས་དེར། ནང་ལྷ་ཁང་དང་། ཕྱི་མཆོད་རྟེན་དུ་ཡོད་པའི་གྷནྣོ་ལའི་དཀྱིལ་དུ། སངས་རྒྱས་དགུང་ལོ་