R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 41
[A:41]ཆེན་པོའི་བཀའ་བསྡུ་བ་ནི། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས། བི་མ་ལ་སྭ་བྷ་ཝ་ཞེས་བྱ་བའི་རི་ལ། རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། འཇམ་དཔལ་གྱིས་མངོན་པ། བྱམས་པས་འདུལ་བ། ཕྱག་རྡོར་གྱིས་མདོ་སྡེ་རྣམས་བསྡུས་ཞེས་གྲགས་ཤིང་། གསང་སྔགས་ཀྱི་ཆོས་རྣམས་ནི། སྟོན་པས་ལུང་བསྟན་པ་བཞིན་རྒྱལ་པོ་ཛའི་ཁང་སྟེང་དུ་བྱིན་གྱིས་བརླབས་པ་ལས། ཆར་ལྟར་འབེབས་པར་བྱེད་དོ། །སྡེ་སྣོད་གསུམ་པོའི་བཀའ་བསྡུ་ཚར་ནའང་། ཐམས་ཅད་པོ་ཏི་གླེགས་བམ་ལ་བཀོད་པའི་སྐབས་སུ། ལྷ་མ་སྲིན་སྡེ་བརྒྱད་པོས་གསུངས་རབ་ཀྱི་ཞབས་ཏོག་དང་། བདག་འཛིན་ལ་མ་འཆམས་པར་ཐོབ་ཁྱེར་བྱས་པས། ཁྲི་བརྒྱད་སྟོང་པ་ལྷས་ཐོབ། ཤེས་རབ་ཁྲི་པ་ལྷ་མི་གཉིས། ཉི་ཁྲི་མིས། ལང་ཀར་གཤེགས་པ་སྲིན་པོས། ཏོག་གཟུངས་བདུད་ཀྱི། གཟུངས་མ་མོས། འབུམ་ཀླུས་ཐོབ་སྟེ། ཁྱབ་འཇུག་སྐལ་བ་ཆད་པས། ཁོས་འཐབ་རྩོད་བྱས་ནས་གཞན་ཐམས་ཅད་མི་ཡུལ་དུ་ལུས། འབུམ་ཀླུའི་ཡུལ་ནས་མ་ལོན་པའི་སྐབས་སུ། ཀླུའི་རྒྱལ་པོ་ཤཱཀྱ་བྱ་བ་ནད་ཙི་ཙི་ཛྭ་ལས་ཐེབས་པ་སུས་ཀྱང་འཆོས་མ་ཐུབ་སྟེ། སྨན་པ་འཚོ་བྱེད་གཞོན་ནུའི་བུ། སློབ་དཔོན་ཀླུ་སྒྲུབ་ཀྱིས་བཅོས་པའི་གཏང་རགས་ལ། འབུམ་ཕུལ་ནས་མི་ཡུལ་རྒྱ་གར་ལྷོ་ཕྱོགས་སུ་རིམ་པར་དར་ཏེ། རྒྱ་མོ་ཚ་བ་རོང་དུ་སླེབས་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རླངས་ཁམས་པ་ག་ཆ་གདན་འདྲེན་དུ་བཏང་བས། བསམ་ཡས་སུ་ཕེབས་ནས། བོད་ཁམས་སྤྱི་ཁྱབ་ཏུ་དར་ཞིང་རྒྱས་པར་གྱུར་པས་རྒྱས་པ་འབུམ་ཞེས་གྲགས་སོ། །འབུམ་ལ་ཤོ་ལོ་ཀ་འབུམ་ཡོད་པས་འབུམ་ཞེས་ཟེར་ཅིང་། ལེའུ་བདུན་ཅུ་རྩ་གཉིས་བམ་པོ་གསུམ་བརྒྱ། ཤད་བཞི་ཁྲི་བཞི་འབུམ། ཚེག་བྱེ་བ་བཞི་ཁྲི་ཡོད། གཞན་ཡང་བཀའ་ཐམས་ཅད་ལ་