[A:44]གཟན། ཡང་ན། ཁྲུས་ཟོ། གདོང་ཕྱིས། རྣག་གཟན། གཡན་པ་དགབ་པ། སྐྲ་བཟེད། གདིང་བ། དབྱར་གྱི་གོས་རས་ཆེན་དང་བཅུ་གསུམ་མོ། །དེ་ལ་སྣམ་སྦྱར་ནི་རབ་ཀྱི་རབ་ལ་སྣམ་ཕྲན་ཉེར་ལྔ་འབྲིང་ལ་ཉེར་གསུམ། །ཐ་མ་ལ་ཉེར་གཅིག་གླེགས་བུ་ཕྱེད་ལྔའོ། །འབྲིང་གི་གསུམ་པོ་ལ་སྣམ་ཕྲན་བཅུ་དགུ། བཅུ་བདུན། བཅོ་ལྔ། གླེགས་བུ་ཕྱེད་དང་བཞིའོ། །ཐ་མའི་གསུམ་པོ་ལ་སྣམ་ཕྲན་བཅུ་གསུམ་བཅུ་གཅིག དགུ་པའོ། །གླེགས་བུ་ཕྱེད་དང་གསུམ་པའོ། །ཡོད་སྨྲ་བ་ལ་རྟགས། ཨུཏྤལ་ལ། རིན་པོ་ཆེ། ཤིང་ལོ་རིས། འཁོར་ལོའམ། པདྨའོ། །ཕལ་ཆེན་སྡེ་པ་ལ་གྱེས་པ་ལྔ་ནི། ཤར་གྱི་རི་ལ་གནས་པ། ནུབ་ཀྱི་རི་ལ། གངས་ཀྱི་རི་ལ། འཇིག་རྟེན་ལས་འདས་པར་སྨྲ་བ། རྣམ་པར་བརྟགས་ཏེ་སྨྲ་བའི་སྡེ་པ་རྣམས་སོ། །ཞེས་གསུངས་སོ། །ཤར་ནུབ་རི་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བ་དང་། །རྟག་པར་སྨྲ་བའི་སྡེ་པ་སྟེ། ལྔ་ཚན་དགེ་འདུན་ཕལ་ཆེན་པ་ཞེས་གསུངས། ཕལ་ཆེན་པ་ནི། སྐད་པྲ་ཀྲྀ་ཏ་རང་བཞིན་གྱི་སྐད། རིགས་བྲམ་ཟེ། འཕགས་པ་འོད་སྲུང་གི་སློབ་རྒྱུད། སྦྱངས་པའི་ཡོན་ཏན་དང་ལྡན་པའི་མཆོག་གོ། སྣམ་སྦྱར་འདྲ། རྟགས་དཔལ་བེའམ། གཡུང་དྲུང་རིས་སོ། །མང་པོས་བཀུར་བ་ལ་གྱེས་པ་གསུམ་ནི། ས་སྒྲོག་རིགས་ཀྱི་སྡེ། སྲུང་བ་པོའི་སྡེ། གནས་མ་བུའི་སྡེ་རྣམས་སོ། །ས་སྒྲོག་རིགས་དང་ཆེན་སྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱི་བཀུར་བ་རྣམས་པ་གསུམ། །ཞེས་གསུངས་སོ། །སྐད་བེ་ཤ་ཏྲི་ཏས་སྟོན། ཟུར་ཆག་གི་སྐད། རིགས་འབྲེག་མཁན། འཕགས་པ་ཉེ་བར་འཁོར་གྱི་སློབ་རྒྱུད། འདུལ་བ་འཛིན་པའི་མཆོག་གོ། སྣམ་