[A:53]ཆེན་པོ་ལ་སྤྱོད་པ་ཕལ་ཆེར་གནས་སྟེ། འདི་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཁུད་པ་ཡིན་ནོ་གསུངས། སྲུང་མ་རྣམས་ལ་བཀའ་བགོས་ཏེ་གཏད་དོ། །དེར་མཚོ་ཕོ་བ་དང་། འོད་སྲུང་ཀྱི་མཆོད་རྟེན་ཕྱི་རྟེན་ཆེན་མོ་དང་། རི་གླང་རུ་མཁར་དགེ་བའི་ཤུལ་རྣམས་མངོན་པར་གྱུར་ཏོ། །དེ་ནས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ལྔ་བཅུ་རྩ་བཞི་ལོན་པའི་དུས་སུ། རྒྱ་གར་གྱི་རྒྱལ་པོ་
ཆོས་རྒྱལ་མྱ་ངན་མེད་ཡིན་
དྷརྨ་ཨ་ཤོ་ཀས། སྡིག་ཆེན་ཆོས་བྱེད་པ་སླར་བཤགས་སྔོམ་བྱས། འཛམ་བུའི་གླིང་དུ་གཙུག་ལག་ཁང་དང་། མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བཞེངས་པར་དམ་བཅས་པའི་ཚེ། མཚོ་བསྐམས་ལི་ཡུལ་སྟོང་པར་འདུག་པས། དེར་འོངས་ད་ལྟ་འུ་ཐན་གྱི་སྐུ་མཁར་ཡོད་སར་ནུབ་གཅིག་བཞུགས་པས། རྒྱལ་པོའི་བཙུན་མོ་དམ་པ་ལ་བཙུན་མོ་དེ་སྐྱེད་མོས་ཚལ་དུ་ཁྲུས་ཕྱེད་དུས། རྣམ་སྲས་ནམ་མཁའ་ལ་གཤེགས་པ་ཡར་མར་གཉིས་ཀས་གཟིགས། སེམས་ཆགས་པ་ལས་བྱུང་བའི་བའི་བུར་བྱེད་དོ་
ཁྱེའུ་གཅིག་བཙས་པས། མཚན་མཁན་ན་རེ། འདི་ནི་མཚན་བཟང་དབང་ཐང་ཆེ་བས་ཡབ་སྐུ་མ་འཕོས་པ་ལ་རྒྱལ་སྲིད་བྱེད་པར་མཆིས་སོ་ཟེར་བས། རྒྱལ་པོ་ཁྲོས་ནས་བུ་འདི་ནི་ང་ལ་མི་དགོས་ཀྱི་བོར་གཅིག་ཟེར་བ་ལྟར་བོར་བས། བུ་ཆུང་རང་གི་བསོད་ནམས་ལས། ས་ལས་ནུ་མ་གཅིག་བྱུང་བ་ནུས་པས་གསོས་སྐྱེད་ཆེ་བར་བྱུང་ངོ་། །དེའི་སྐབས་སུ་རྒྱ་ནག་གི་རྒྱལ་པོ། ཅེའུ་ཝང་ཞེས་པའི་བྱང་སེམས་ཀྱིས་སྤྲུལ་པ། བུ་སྟོང་ལ་དབང་སྒྱུར། དགུ་བརྒྱ་དགུ་བཅུ་རྩ་དགུ་ཡོད་པ་ཅིག་བྱུང་བ། དེའི་བསམ་པ་ལ། ང་ལ་བུ་གཅིག་བྱུང་ན་སངས་རྒྱས་ཀྱི་ཞབས་ཀྱི་བཅགས་པའི་ལི་ཡུལ་ཞེས་བྱ་བ་བཟང་པོ་གཅིག་ཡོད་འདུག་པ་དེ་འཛིན་དུ་འཇུག་སྙམ་ནས། རྣམ་སྲས་ལ་གསོལ་བ་བཏབས་པས། ས་ལ་ནུ་བླངས་ནས་འདི་ནི་ངའི་བུ་ཡིན་