[A:80]བྱུང་ངོ་། །རིགས་རྒྱུད་དེ་རྣམས་འཕེལ་བའི་ཆེད་དུ། འཕགས་པས་འབྲས་བུ་སྣ་ལྔ་དང་། གསེར་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཁ་བ་ཅན་གྱི་ཕྱོགས་ལ་གཏོར། བྱིན་གྱིས་བརླབས། དེ་ལ་ལོངས་སྤྱད་པས། སྤྲེལ་ཕྲུག་མིར་གྱུར་པ་དེ་རྣམས་ཇེ་མང་ལ་སོང་བས། འབྲུ་ལ་མི་འཆམ་པར། ཚོ་བཞིར་བགོས་པས། སེ་དང་དམུ་ལྡོང་དང་། སྟོང་དང་། བཞི་ལ་མིའུ་རུས་བཞི་ཟེར། ལ་ལར་དབྲ། འབྲུ། ཞང་ཞུང་། སྟོང་སུམ་པ། ལྡོང་མི་ཉག་རྣམས་བགྲང་པ་ན། མི་རྗེ་ལྷས་མཛད་པ་ནི་གོང་བཞིན། རྒྱ་གར་དུ་རྒྱལ་པོ་སྐྱབས་སེང་གི་བུ་ལྔའི་བར་པ། མིག་བྱ་ལྟར་མས་ནས་འགེབ་པ། གཡུའི་སྨིན་མ་ཡོད་པ། སོར་མོ་དྲ་བས་འབྲེལ་བ། དུང་སོ་འཁོར་མ་ཡོད་པ་ཞིག་སྐྱེས་པས་རྒྱལ་པོ་ན་རེ། ལྟས་ངན་དུ་འདུག་པས་སོད་ཅིག་གསུང་པ་ལ། བློན་པོ་རྣམས་ཀྱི་མཚོན་གྱི་གསོད་མ་ནུས་པར། ཟངས་གྱི་གའུ་ཁ་སྦྱོར་དུ་བཅུག གཟེར་གྱི་བསྡམས་ནས། ཆུ་བོ་གང་གཱ་ལ་སྐུར་རོ། །དེ་གྲོང་ཁྱེར་ཡངས་པ་ཅན་གྱི་ཞིང་པ་རྒན་རྒོན་གྱི་རྙེད་ནས། ནགས་གསེབ་ཏུ་གསོས་པས། བྱ་དང་རི་དྭགས་གཅན་གཟན་རྣམས་ཀྱི་ཡང་ཟས་སྐོམ་བསྐྱལ། རྩེ་གྲོགས་བྱས། ལྗོན་ཤིང་དང་མེ་ཏོག་ཀྱང་དེ་ལ་འདུད་པར་བྱེད་ད་དོ། །དེར་རྒྱལ་བུ་ན་རེ། ང་ལ་འཁོར་ངན་པ་འདི་ལྟ་བུ་གང་ཡིན། ངའི་ཕ་མ་སུ་ཡིན་ཟེར་བ་ལ། སྔར་གྱི་རྒྱུ་མཚན་བསྙད་ནས། ཁྱོད་ཕས་ལྟས་ངན་དུ་བྱས་ནས་ཆུར་བོར་བ། ངེད་ཀྱི་རྙེད་པ་སོགས་ཀྱི་གཏམ་བསྙད་པས། ཡིད་སྐྱོ་ནས་གངས་གསེབ་བྲོས་པས། ལྷ་རི་གྱང་མཐོའི་མཁར་དུ་བྱུང་། དེ་ནས་རིམ་གྱི་འཕྱུགས་ནས། །ཁ་བ་ཅན་གྱི་རྒྱལ་ཁམས་གྱི་དབུས། ཡུལ་ཡར་མོ་སྣ་བཞི་དང་། ལྷ་ཡར་ལ་ཤམ་པོ་མཐོང་ནས། དེར་བྱོན། ལྷ་རི་གོང་པོ་རི་རྩེར་ཕེབས། དམུའི་སྐས་ལ་བབས་ཏེ། བཙན་ཐང་སྒོ་བཞིར་བྱོན་