R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༥༦ན
[A:༣༥༦ན]དཔེ་མཁྱུད་མེད་པར་མ་བྲིས་ན་སྙིགས་དུས་སུ་སོང་བས་བརྗེད་པ་དང་ནུབ་ཀྱི་དོགས་ནས་ཡི་གེར་གསལ་པོར་འབྲི་བར་སྲུང་མ་རྣམས་ལ་ལོ་གསུམ་གྱི་བར་དུ་གསོལ་བ་བཏབ་ཅེས་སོགས་ལྟར། དེ་ཡན་ཆད་དུ་ཡི་གེ་གསལ་པོ་མེད་པ་ཤེས་ནུས། མལ་ལོའི་རྗེས་གནང་གི་ཐོར། མན་ངག་ཕྱི་སྒྲུབ་དང་ནང་ལུས་ལ་བརྟེན་པ་རྣམས་སྦྱིན། ཞེས་དང་། ས་ཆེན་གྱི་འབྱུང་ལུགས་གཏོར་མར། ནང་གི་རྣལ་འབྱོར་པ་ཡིན་ན་བདག་ཉིད་ཀྱི་ལྟེ་བ་ཆོས་འབྱུང་གྲུ་གསུམ་ནང་དུ་བསྡུས་ལ་བཞག །ཅེས་གསང་རྟེན་ལུས་ལ་སྦ་བའི་གནད་ཟབ་མོ་ཟུར་ཙམ་བསྟན་པ་སོགས་མ་དགོངས་པར་ཁྲིད་བརྒྱའི་ནང་དུ། བསྐྱེད་ཅིང་གསོད་ནས་ཕྱག་བཞིའི་སྲོག་ཐིག་གི་ཕྱུང་། །གུར་ལའང་འདྲ་ཅོག་ཡར་ཀླུང་པ་ཡིས་སྦྱར། །ཞེས་ཟུར་ཟ་མཛད་པ་ནི། རྗེ་བཙུན་གྲོལ་མཆོག་མཁས་གྲུབ་ཆེན་པོ་ཡིན་ཡང་ཕྱོགས་འདི་ལ་གཟིགས་པའི་སྤྱན་དཀྱུས་ཐུང་བས་ཐུགས་སུ་མ་ཤོང་པའི་གསུང་ཙམ་མོ། །ཞེས་ཟུར་ཟ་བར་མཛད་དོ། ། དེ་ཡང་ནང་ཁྲིད་ཀྱི་འཁྲིད་ཚུལ་ལ་ཕྱིའི་བྲག་རྫོང་མའི་བསྐྱེད་རིམ་བྱས་པའི་ལུགས་དང་། བསྐྱེད་རིམ་གོང་ལྟར་ལ་