[A:༣༥༦བ]རྫོགས་རིམ་ཡར་ཀླུང་པའི་ལུགས་ཀྱི་ནང་ཁྲིད་ཐུན་མོང་པས་བྱས་པའི་ལུགས་དང་། རྫོགས་རིམ་ཐུན་མོང་མ་ཡིན་པ་གསང་ཁྲིད་ཀྱི་བྱས་པ་སྟེ་ལུགས་གསུམ་ཙམ་ལས། དང་པོ་ནི་གོང་དུ་བསྟན་ཟིན་པ་དང་། ད་ལྟའི་ཕྱག་ལེན་ལ་གསུམ་པ་ཐོབ་ན་གཉིས་པའང་ཞར་ལས་འབྱུང་བས། ཐམས་ཅད་མཁྱེན་པ་མཁྱེན་བརྩེས་མཛད་པའི་ཁྲིད་ཡིག་ཡིད་བཞིན་ནོར་བུ་ལ་གཞི་བྱས། ཡིག་ཆུང་ཞལ་ཤེས་སོགས་ཀྱིས་ལེགས་པར་བརྒྱན་ཏེ། སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད། ཡི་གེ་བརྒྱ་པ། བླ་མའི་རྣལ་འབྱོར། དངོས་གཞི་རྟེན་བསྐྱེད་པའི་རིམ་པ་ཁྲིད་གཞུང་དུ་བཤད་ཀྱང་བྲག་རྫོང་མ་རྒྱས་པར་སོང་བས་ཡང་བསྐྱར་མ་དགོས། བརྟེན་པ་རྫོགས་པའི་རིམ་པ་རྡོ་རྗེའི་ལུས་ཀྱི་གནད་ཤེས་པ་ལ་བརྟེན་ནས་རང་སེམས་གསལ་སྟོང་ཟུང་འཇུག་གི་མགོན་པོ་མངོན་དུ་བྱ་བའི་ཉམས་ལེན་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་ནས་བསྙེན་པའི་དམིགས་རིམ་འཁོར་ལོ་ལྔ་ལྡན་དང་། རྡོ་རྗེའི་བཟླས་པའི་སྒོ་ནས་སྒྲུབ་པའམ་དད་པ། ལས་སྦྱོར་ཐུན་མོང་བ་བསྟན་པའི་སྤྱི་དགྲ་དང་། རྣལ་འབྱོར་སྒོས་དགྲ་བསྒྲལ་བ། ཐུན་མོང་མ་ཡིན་པ་འཁོར་ལོ་ལྔ་ལྡན་གྱི་ཁྲིད་དང་