R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༡༥
[A:༡༡༥]བཟང་ལ་ཆོས་གསན་སྐབས་ཤིག་དམ་པ་འདིས་ཇོ་ལགས་ནི་ཟླ་བ་གསུམ་རང་ཡིན་པ་གདའ་ལགས་སོ། ། གསུང་བ་པཎ་ཆེན་དང་དྲུང་ཆེན་བསོད་ཤེས་ཐུགས་ལ་བཞག་པས་ཟླ་བ་གསུམ་ནས་སྐུ་འབྲིང་སྐུ་གཤེགས་པས་དེ་མངོན་ཤེས་ཀྱི་མཁྱེན་པར་འདུག་གསུང། དེ་ལྟར་དགུང་ལོ་ཞེ་བརྒྱད་ཀྱི་བར་སྐྱེས་བུ་དམ་པའི་མཛད་པ་དུ་མ་མཛད་ནས་ཤིང་གླང་ས་གའི་ཉེར་དགུ་ལ་གཤེགས། སྐུ་གདུང་ཞུགས་ལ་ཕུལ་བས་རིང་བསྲེལ་དུ་མ་བྱོན་ནོ། ། དེ་རྣམས་ཀྱི་སྤྱི་དོན་བསྟན་ཟིན་པས། ངག་དབང་བསོད་ནམས་བློ་གྲོས། གཉིས་པ་གཞུང་གི་དོན་ནི། འཇིག་རྟེན་དབང་ཕྱུག་གི་བཙུན་མོར་སྟག་ལུང་པའི་སྲས་མོ་ནོར་འཛོམ་བུ་ཁྲིད་བཞེས་པ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་ནི། ངག་དབང་བསོད་ནམས་བློ་གྲོས་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ས་མོ་ཕག་གི་ལོ་འཁྲུངས། དགུང་ལོ་བཅོ་བརྒྱད་པའི་དུས་རྡོ་རྗེ་ལ་ཕྱག་གཡས་ཀྱི་རྗེས་འདམ་བརྫིས་ལྟར་བཞག་པ་སོགས་གྲུབ་རྟགས་མང་པོ་མཛད་དེ་གཞོན་ནུ་ལ་གཤེགས། བྱམས་པ་བསོད་ནམས་ལྷུན་གྲུབ། གཅུང་བྱམས་པ་བསོད་ནམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཆུ་མོ་གླང་
ཤིང་སྦྲུལ་ཞེས་པའང་སྣང་བས་དཔྱད
་གི་ལོ་སྐུ་འཁྲུངས་ཏེ། གསན་བསམ་དང་ནཱ་ལེནྡྲའི་གདན་ས་མཛད་པ་སོགས་གོང་འཇམ་དབྱངས་བསོད་ནམས་ལྷུན་གྲུབ་ཀྱི་རྣམ་ཐར་དང་འོག་ཏུ་བསོད་ནམས་བསྟན་འཛིན་དབང་པོའི་རྣམ་ཐར་དུ་ཐོར་ཙམ་བཤད་པ་ལྟར་མཛད་དེ། གཅུང་ངག་དབང་བསོད་ནམས་ལྷུན་གྲུབ་ནི་ཆུ་མོ་གླང་གི་ལོ་སྐུ་འཁྲུངས་ཏེ་གཅེན་སྐུ་མཆེད་དང་འཇམ་མགོན་ཨ་མེས་ཞབས་སོགས་དམ་པ་དུ་མ་ལས་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཏེ་རྣམ་དཀར་ལུགས་གཉིས་ཀྱི་མཛད་པ་རྒྱ་ཆེན་པོའི་སྒོ་ནས་སྤྱི་སྒོས་བསྟན་འགྲོའི་དོན་མཐའ་ཡས་པར་མཛད་དེ་འོག་ནས་འབྱུང་བ་ལྟར་མཛད་པ་མཐར་ཕྱིན་ཏོ། །
འཇམ་མགོན་བསྟན་འཛིན་དབང་པོ། བདག་ཆེན་དེ་ཉིད་ཀྱི་ཡུལ་གདོང་པའི་སྲས་མོ་ནོར་བུ་བུ་