[A:༢༠༩]ཤིང། དུས་ཆེན་རྣམས་ལའང་འཇའ་གུར་དང་མེ་ཏོག་གི་ཆར་འབབས་པ་སོགས་ཡུན་རིང་པོའི་བར་དུ་བྱུང་། དེ་ཉིད་ཀྱི་ཟུར་སྲས་བཀྲ་ཤིས་ལྷུན་པོར་བཞུགས་པར་སོག་པོས་འོ་བརྒྱལ་ཞུས་པ་ལས་སྐྱོབས་ཕྱིར་པཎ་ཆེན་ཐམས་ཆད་མཁྱེན་པར་ཞུ་རྟེན་འཕགས་པ་རིན་པོ་ཆེའི་ཕྱག་ཏིང་སེམས་ཉིད་ངལ་སོར་གྲགས་པ་ཕུལ་ཞིང་མཐར་རྟ་ནག་གྲོ་ཁུད་འབུམ་པར་གཤེགས་སོ། །
དེ་ནས་ནོར་བུ་རྒྱལ་མཚན་པོ་ཏ་ལར་བཞུགས་སྐབས་འགྲོ་བའི་ལས་དབང་གི་མཆོད་ཡོན་ཉི་ཟླ་ཟུང་གཅིག་གི་ཆོས་སྲིད་ལ་འཕོ་འགྱུར་གྱི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་། དེ་མོ་གོང་མ་རིན་པོ་ཆེ་ཞབས་དྲུང་ཉིད་དང་བཅས་ལ་རྒྱལ་པོ་ལྷ་བཟང་ནས་དཔུང་འཇུག་གིས་ཚངས་དབྱངས་རྒྱ་མཚོ་དང་དེ་མོ་གོང་མ་རིན་པོ་ཆེ་བཅས་རྒྱར་ཕེབས་དགོས་བྱུང་ཞིང་། ཞབས་དྲུང་ཉིད་རྒྱུད་སྨད་པའི་ཆོས་གྲྭར་ཡིབ་ནས་བཞུགས་པས། གྲྭ་པ་ཞིག་གིས་ཁྱེད་གང་ནས་ཡིན། ངའི་ཤག་ཏུ་ཕེབས་ཞེས་ཡང་ཡང་ཟེར་བར་བརྟེན་དེའི་ཤག་ཏུ་ཕེབས་ཏེ་ཞག་ཤས་བཞུགས། དེ་ནས་ཞབས་ཕྱིར་གསོལ་དཔོན་སངས་རྒྱས། བསྟན་འཛིན་ཀུན་བཟང་། གཟིམ་དཔོན་རྡོར་དོན། མ་ཆེན་འཛམ་གླིང་། ནོར་བུ་རིན་ཆེན་དང་བཅས་དཔོན་གཡོག་རྣམས་ཀྱིས་རྒྱལ་ཞབས་ཚངས་དབྱངས་རྒྱ་མཚོ་དང་། དེ་མོ་གོང་མའི་ཕེབས་རྗེས་ཨེ་ནོན་དགོངས་