R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༢༢
[A:༢༢༢]མཚན་ཅན་འཁྲུངས། །གང་དེའི་བཙུན་མོ་བྱང་ཕྱོགས་རྒྱལ་པོའི་ལྕམ། །ལྷ་སྲས་བསོད་ནམས་རྒྱལ་མོ་ཞེས་བྱའི་སྲས། །འཇམ་དབྱངས་སྤྲུལ་པ་མཐུ་སྟོབས་དབང་ཕྱུག་དང། །རྒྱལ་སྲས་ངག་དབང་ཀུན་དགའ་དབང་རྒྱལ་མཚན། །ཐམས་ཅད་མཁྱེན་པ་འཇམ་མགོན་ཨ་མེས་ཞབས། །མཁྱེན་ཡང་ཀུན་དགའི་མཚན་ཅན་བསྟན་འགྲོོའི་དཔལ། །དཔའ་ལྡན་དེ་ཡི་བཙུན་མོ་འགྲོ་མགོན་མ། །ཨོ་རྒྱན་སྐྱབས་ལ་བསོད་ནམས་དབང་ཕྱུག་བལྟམས། །གང་དེའི་བཙུན་མོ་མ་གཅིག་ཞེད་ཆོས་མ། །པད་དཀར་བུ་ཁྲིད་སྲས་ནི་མངྒའི་མཚན། །དེ་ཡི་བཙུན་མོ་སྔོན་མ་གནས་གདོང་མར། །གདུང་བརྒྱུད་མ་བྱོན་ཕྱི་མ་བཅོ་བརྒྱད་པའི། །མ་གཅིག་བསྟན་འཛིན་བསོད་ནམས་བཟང་མོ་ལ། །ཁོ་བོའི་སྐྱབས་གཅིག་ཁྱབ་བདག་འཁོར་ལོའི་མགོན། །ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་ཞེས། །སྙིགས་དུས་མགོན་དེ་སྐྱེ་བའི་ཆོ་འཕྲུལ་བསྟན། །མགོན་དེའི་བཙུན་མོ་སྔ་མ་ཞེད་ཆོས་པའི། །ལྷ་མཛེས་བུ་ཁྲིད་སྲས་གཉིས་ཆུང་ངུར་གཤེགས། །ཕྱི་མ་སྐུ་དྲིན་ཅན་གྱི་འགྲོ་མགོན་མ། །མ་གཅིག་བསོད་ནམས་དཔལ་གྱི་དབང་མོ་ལ། །ཡོན་ཏན་ཀུན་བྲལ་ཀུན་དགའ་བློ་གྲོས་དང། །ནུ་བོ་མཆེད་བཅས་བྱུང་བའི་མཆེད་གཉིས་གཤེགས། །ཁོ་བོས་བསྟན་འགྲོ་སྤྱི་དང་ཁྱད་པར་དུ། །ས་སྐྱའི་རྗེ་བཙུན་