[A:༢༢༨]ཚད་མིན་གནང་ཟིན་པ་དང་། རྒྱས་སྡེ་ལ་ཕེབསཏེ་མུས་ཆེན་སངས་རྒྱས་རྒྱལ་མཚན་གྱི་དྲུང་དུ་རབ་ཏུ་བྱུང་། ཡབ་རྗེའི་སྐུ་ཞང་གདོང་དགའ་སྡེ་པས་གདན་དྲངས་ཏེ་མགོན་པོ་དྲུག་ཅུ་པའི་གཏོར་རྫོངས་ཤིག་གནང་བའི་པུ་ཏྲའི་བསྐུལ་ཆེན་ཚུགས་ནས་ཕྱོགས་ཀྱི་མཇལ་མི་དང་དད་འདུས་ཀྱི་ཁྲོམ་ཚོགས་ཆེ་བ་ཀུན་གྱི་མཐོང་སྣང་ལ་ནམ་མཁའ་ནས་གཙོ་ཆེན་རྒྱུ་བ་སོགས་དྲག་སྦྱོར་གྱིས་རྟགས་མཚན་མཐུན་གྲུབ་ཏུ་བྱུང་། སྤྱི་སྒེར་ལ་ཚེ་དབང་སོགས་འདོད་ཆོས་འགའ་ཞིག་གནང་ཚེ་འཇའ་གུར་དང་མེ་ཏོག་གི་ཆར་ལྟ་བས་ཆོག་མེ་ཤེས་པ་བྱུང་།
དེ་ནས་དགུང་ལོ་ཉེར་གསུམ་པ་ལ་ས་དཀར་དང་། འདམ་ཐོག་དགོན་མཆོད་གཞིས་ལོགས་ས་སྐྱའི་ཆོས་སྲིད་རིན་པོ་ཆེའི་རྒྱུན་ལ་དགོངས་ཏེ་མདོ་ཁམས་སུ་འབྱོན་བཞེད་ལ། འཇམ་དབྱངས་གཟི་འོད་འབར་བས་མཚོན་པའི་ལྷ་དང་སྲུང་མའི་རྟེན་མཆོག་རྣམས་ནས་ཀྱང་དེ་ལྟར་ལེགས་པའི་བརྡའ་རྟགས་རྟེན་འབྲེལ་ཕུན་སུམ་ཚོགས་པ་ཐོབ་པར་བརྟེན་ནས་གདན་ས་ནས་ཆིབས་བསྒྱུར་གནང་ཉིན་འཇའ་འོད་འཁྲིགས་པ་སོགས་སྲུང་མས་སྐྱེལ་བའི་རྣམ་པ་དང་བཅས་ཕེབས་ཏེ་བསམ་འགྲུབ་རྩེའི་ཕོ་བྲང་དུ་འཇམ་དབྱངས་བསོད་ནམས་དབང་པོ་དང་མཇལ་ཏེ་སྔ་སོར་རང་ལུགས་ཀྱི་ཡི་དམ་རྣམས་ལ་བསྙེན་སྒྲུབ་ཚད་དུ་བསྐྱལ་བས་ལས་ཚོགས་ཞི་