R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༣༨
[A:༢༣༨]བརྒྱུད་མ་བྱུང་བར་ཞབས་དྲུང་དུ་སྲུང་རིམ་སྐྱབས་འཇུག་ཞུས་པ་བཞིན། ལྷ་སྲུང་རྣམས་ལ་ཕྲིིན་བཅོལ་གནང་བས་ཕྱི་ལོ་རྒྱལ་བརྒྱུད་འཁྲུངས་པར་རྗེ་ཉིད་ནས་མིང་ནོར་བུ་མགོན་སྐྱབས་གནང་། གཞན་ཡང་རྒྱལ་བློན་ཕལ་ཆེ་བ་དག་རྡོ་རྗེ་ཕུར་པའི་དབང་བསྐུར་གྱིས་སྨིན་པར་མཛད། སྤྱི་སྒེར་གྱི་རྐྱེན་སེལ་གཏོར་མདོས་སོགས་མང་དུ་གནང་ཞིང་རེ་བའི་ཤིང་རྟ་བཀང་ནས་སླར་ཡང་འདམ་ཐོག་ཕྱོགས་ལ་ཆིབས་བསྒྱུར་མཛད་ཚེ་རྒྱལ་པོ་འཁོར་བཅས་གུས་ཞེན་གྱིས་འབྲལ་མི་ཕོད་པའི་རྣམ་པ་བྱུང་། ཚུར་ལམ་ཡང་ཤོས་ཀུན་དགའ་ཐས་ཇིའི་ས་ཕྱོགས་སུ་ལྷ་འདྲེའི་ཆོ་འཕྲུལ་རྩ་འབུ་གདུག་པ་ཅན་ཞིག་གིས་རྩྭ་རྣམས་ཐམས་ཅད་ཟོས་པས་དུད་འགྲོ་དཔག་མེད་མུ་གེས་འཆི་རྐྱེན་བྱུང་འདུག་པར་གཞན་ཕན་གྱི་ཐུགས་རྗེ་ཚད་མེད་པས་ས་ཕྱོགས་དེར་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཞེངས་ནས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དཀྱིལ་ཆོག་གནང་བས་དེ་འཕྲལ་ནསརྩྭ་འབུའི་འཚེ་བ་ནམ་ཡང་མ་བྱུང་བས་ཀུན་གྱིས་དད་བརྒྱའི་གསོལ་འདེབས་ལྷུར་ལེན་པར་གྱུར་པ་སོགས་ཐུན་མོང་མ་ཡིན་པའི་རྣམ་ཐར་ཡ་མཚན་དུ་མ་དང་བཅས་ས་དཀར་གདན་སར་ཕེབས། དེ་ནས་ཀྱང་རི་ཞིག་ནས་ཤར་ཕྱོགས་སུ་འབྱོན་པའི་དགོངས་པ་ཤར་ཏེ། རིམ་བརྒྱུད་ཀྱིས་སྡེ་དགེར་ཕྱག་ཕེབས་པ་དང་། སྡེ་