R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༩༣
[A:༢༩༣]དཔོན་འདི་ཉིད་འདིའི་གོང་དུ་འཕགས་ཡུལ་དུ་པཎ་ཆེན་མི་ཐུབ་ཟླ་བ་སོགས་པ་པཎྜི་ཏ་བཅུ་གཅིག་ཏུ་སྐྱེ་བ་བཞེས་པ་དང་། ཡང་སྒོ་མཐའ་ཡས་པ་ཡིན་པ་ལྟར་ན་རྗེ་བཙུན་རིན་པོ་ཆེ་ཡང་ཡིན་པའི་ཕྱིར་སྐུ་མཆེད་ཐུགས་རྒྱུད་གཅིག་པ་དང་། མཁན་ཆེན་བོ་དྷི་ས་ཏྭའི་རྣམ་སྤྲུལ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། ཆོས་སྲིད་འཕྲིན་ལས་གྱིས་མངའ་བདག་འཁོན་སྟོན་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་དང་། རིག་འཛིན་ཤྲྭི་སིདྷའི་རྣམ་འཕྲུལ་རང་གཞན་གྲུབ་མཐའི་ཕ་རོལཏུ་སོན་ཅིང་རྫོགས་ཆེན་སྙིང་ཏིག་གི་བཀའ་བབ་བསམ་ཡས་པ་ངག་གི་དབང་པོའམ་ཀུན་མཁྱེན་ཀློང་ཆེན་རབ་འབྱམ་པ་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་ཡང་སྲིད་རྗེ་བཙུན་ས་སྐྱ་པའི་བསྟན་པའི་སྲོག་འཛིན་གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་བཟང་པོ་དང་། དྲི་མེད་ཐུབ་སྟན་སྨྲ་བའི་ཁྱུ་མཆོག་འཇིགས་བྲལ་གོ་རམ་བསྟན་པའི་ཉི་མ་བསོད་ནམས་སེང་གེ་དང་། ལོ་ཆེན་ཅོག་རོའི་སྐྱེ་བརྒྱུད་ལུང་རིགས་སྨྲ་བའི་དབང་པོ་མང་ཐོས་ཀླུ་གྲུབ་རྒྱ་མཚོ་སོགས་རིམ་བརྒྱུད་སྐུ་ཕྲེང་སྔ་ཕྱི་དང་། སྐུ་དུས་མཉམ་པར་ཐུགས་རྒྱུད་གཅིག་པའི་རྣམ་འཕྲུལ་འགོག་མེད་ཡབ་རྗེ་སྦས་པའི་སངས་རྒྱས་གྲགས་པའི་མཚན་ཅན་སོགས་མཁས་དང་གྲུབ་པ་ཤ་སྟག་ཏུ་བྱོན་པ་དེ་དག་སོ་སོའི་འཁྲུལ་སྤོང་ལུང་ཁུང་ཤེས་བྱེད་བཅས་ཞིབ་པར་མཁན་ཆེན་