R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༡༨
[A:༣༡༨]འཁྲུངས། དེ་རྗེས་བརྒྱུད་པའི་བྱིན་རླབས་དང་ཆོས་སྲུང་ལ་བཀའ་བསྒོ་སྤྱི་སྒེར་གྱི་བསླབ་སྟོན་ཕུན་སུམ་ཚོགས་པ་སྩལ་ཏེ་འབྲལ་མི་ཕོད་པའི་དད་སྤྲོ་དང་ཐུགས་བརྩེའི་ངང་ནས་ཆིབས་བཏེག་ཏེ། ཡ་མ་བདེ་ལྡན་དང་། རྫོང་དགའ་ལྡན་རྩེ་གཉིས་སུ་ཞག་ཤས་རེ་བཞུགས་ནས་དགེ་འདུན་རྣམས་ལ་འདོད་ཆོས་རེ་སྐོང་དུ་སྩལ། མུས་གནས་གསར་དུ་ཡར་རྒྱབ་དཔོན་ཆེན་དང་། མདོག་ལྷུན་སྡིངས་སུ་སྐུ་ཞང་གདོང་ཁ་བས་སྤྱན་དྲངས་ངོར་སོ་སོར་ཕེབས་ཏེ་ཚེ་དབང་རྗེས་གནང་སོགས་རྐྱེན་སེལ་གྱི་ཆོས་བཀའ་ལེགས་པར་གནང་། བསྙེན་བཀུར་འབུལ་ནོད་ཕུན་སུམ་ཚོགས་པ་བྱུང་། དེ་ནས་ཀྱང་མདོག་གཞུང་གི་ལུ་ཕུ། སྒྱི་ཆུ། གཞིས་དགོན། ཡ་ག་ཆོས་སྡིངས་རྣམས་སུ་རིམ་པས་ཕེབས་ཏེ་བླ་མ་གྲྭ་རིགས་རྣམས་ཀྱིི་འདོད་མཐུན་དབང་བཀའ་རྗེས་གནང་སོགས་རེ་བ་ཁེངས་པར་གནང་། ངམ་རིང་དུ་རྗེ་བཙུན་ངག་དབང་ཆོས་འཛོམས་དཔོན་གཡོག་སོགས་ལ་ཆོས་ཀྱི་འཁོར་ལོ་བསྐོར་རྗེས།་་སྐྱ་བོ་ཁ་གདངས་སུ་ཕེབས་ཏེ་མི་དབང་ཆོས་ཀྱི་དབང་ཕྱུག་དེ་ཉིད་ལ་ཚེ་དབང་རིགས་མི་གཅིག་པ་བརྒྱ་ཚར་དུ་མ་དང་། རྒྱལ་སྲས་ལམ་བཟང་སོགས་དབང་ལུང་དུ་མས་སྨིན་གྲོལ་གནང་ཚེ་ཆོས་རྒྱལ་དེ་ཉིད་ཀྱང་དད་སྤྲོ་གཏིང་ནས་གཡོས་ཏེ་བསྙེན་བཀུར་འབུལ་བ་རྒྱ་ཆེན་པོ་དང་བཅས་ད་དུང་གདན་ས་ཞལ་ངོ་རྣམས་དང་། མུས་ཆེན་སོགས་