[A:༣༤༥]གྱིས་མི་ཁྱབ་ཕུལ། ཡར་ལམ་དར་ལུང་དུ་བྱོན་ཏེ་གསུང་བསྐང་རྒྱས་པར་གནང་། དེ་ནས་གདན་སར་ཕེབས་ཏེ་ལོ་སྟར་གྱི་ཕུར་སྒྲུབ་མཛད།
དེ་ལོ་ཟླ་བ་དགུ་པའི་ནང་ཤར་ཁ་མི་དབང་བསོད་ནམས་དབང་པོའི་སྡེ་དང་། དེའི་སྲས་ཆོས་རྗེ་ངག་དབང་བསོད་ནམས་རྒྱལ་མཚན་པ་སོགས་མི་ཆེན་དུ་མ་ཆོས་སྡེ་ལྷོ་བྱང་གི་དགེ་འདུན་དུ་མ་བཅས་མང་བ་ལ་གསུང་ངག་ཟབ་མོས་ཁྲིད་རིམ་ཆ་ལག་མན་ངག་རྒྱབ་ཆོས་ལུང་དང་བཅས་པ་ཟླ་བ་གསུམ་གྱི་ཁོངས་སུ་སྨིན་རྒྱས་སུ་སྩལ། དེ་སྐབས་མནལ་ལམ་ཞིག་ཏུ། འཇམ་མགོན་བསོད་ནམས་དབང་པོས་གུར་མགོན་གྱི་དཀྱིལ་འཁོར་དུ་མའི་དབང་བསྐུར་རྣམས་དུས་གཅིག་ཏུ་སྩལ་བ་ཤར་བས་བླ་མ་དང་ཆོས་སྲུང་དགྱེས་པའི་རྟགས་མཚན་ངོ་མཚར་བ་དང་། ཁྱད་པར་སེམས་བསྐྱེད་ཆེན་མོའི་ཉིན་འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར་སོཊ་མཐུན་གྲུབ་ཏུ་བྱུང་།
འདི་ལོ་བྱ་ཡུལ་ལོ་དགོན་པ་ནས་སྤྱན་སྔ་ཀུན་དགའ་དོན་གྲུབ་ཉིད་རྗེ་འདི་ཉིད་དང་གདན་ས་ཆེན་པོའི་གནས་རྟེན་མཇལ་བཞེད་ཡོད་ཐོག རྗེ་འདི་ཉིད་ནས་ཀྱང་གདན་འདྲེན་མཛད་པས་ཕེབས་ཏེ་གསུང་ཆོས་ཚད་མེད་པ་གསན་པའི་ཚེ་དཔལ་མགོན་ཞལ་གྱི་རྗེས་གནང་བྲམ་ཟེ་མངག་གཏད་གསན་པའི་ནུབ་མོ་མནལ་ལམ་