R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A):
[A:༣]འདི་ཡན་བོན་ལུགས་རྗེས་འབྲངས་ཡིན་ནམ་སྙམ། དེ་དང་རླངས་བཟའ་ནེ་ཆུང་མ་ཡི་སྲས། ཀླུ་དབང་གཅེན་དང་རྡོ་རྗེ་རིན་ཆེན་གཅུང། ཕྱི་མའི་ལྕམ་མོ་འགྲོ་བཟའ་གཡང་ལེན་སྐྱིད། བཞེས་པར་སྲས་བདུན་བྱོན་པའི་གཅེན་དྲུག་ལས། ཆེ་བ་མང་ཡུལ་དེ་འོག་གུང་ཐང་དང། དེ་འོག་སྲད་དང་དེ་འོག་གཉལ་ལོ་རོ། དེ་འོག་མྱང་ཤབ་བྱོན་ལས་སོ་སོ་རུ། སྐུ་བརྒྱུད་འཕེལ་ཡང་འདི་ཡིན་ངོ་མ་ཤེས། བདུན་པའི་སྐུ་བརྒྱུད་མ་འཁྲིགས་སྡེ་གསུམ་གྲགས། དྲུག་པ་ཤེས་རབ་ཡོན་ཏན་གཡའ་ལུང་བཞུགས། སྲས་གཉིས་ཆུང་བ་ཁབ་སོ་སྟག་བྱོན་ལས། ལ་སྟོད་བྱང་གི་འཁོན་ཚོ་འཕེལ་ཞེས་གྲགས། ཆེ་བ་ཡོན་ཏན་འབྱུང་གནས་སྲས་གསུམ་གྲས། ཚུལ་ཁྲིམས་རྒྱལ་པོར་སྲས་གསུམ་བར་པ་ནི། བརྡལ་གྱི་ཆང་ཚང་བྱོན་ཞིང་ཐོག་མཐའ་གཉིས། གཡའ་ལུང་བཞུགས་པའི་ཆེ་བ་གཙུག་ཤེས་ལ། སྲས་བདུན་གཅུང་བཅས་འཁོན་ཚོ་བརྒྱད་ཅེས་གྲགས། བདུན་པའི་ལྔ་པ་དགེ་སྐྱབས་ཤབ་ཏུ་བྱོན། སྲས་གཉིས་བྱུང་བའི་གཅུང་ལས་ཤབ་སྟོད་ཀྱི། འཁོན་ཚོ་གྱེས་ཤིང་གཅེན་པོ་དགེ་མཐོང་སྲས། བལ་པོ་དེ་སྲས་ཤཱཀ་བློ་དེ་ཡི་སྲས། གཅེན་ཡན་འཁོན་གྱི་གདུང་རབས་སྔ་འགྱུར་བདག དཔལ་པོ་ཆེ་ནས་ཤེས་རབ་ཚུལ་ཁྲིམས་བར།