[A:༤༡]པའི་ཞལ་ཡང་གཟིགས་ཏེ་འགྲོ་ཕན་དུ་མ་མཛད་པའི་སྔགས་འཆང་མཐུ་སྟོབས་ཀྱི་དབང་ཕྱུག་ཆེན་པོར་གྱུར། གདུང་བརྒྱུད་གཉིས་འཁྲུངས་རྗེས་སུ་རྗེ་བཙུན་སངས་རྒྱས་རིན་ཆེན་དང་ས་ལོ་སྐུ་མཆེད་སོགས་ཀྱི་དྲུང་དུ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས་ཏེ། དཔལ་ནཱ་ལེནྡྲའི་གདན་ས་ཡང་མཛད་ཅིང་ཐུབ་བསྟན་རྣམ་རྒྱལ་དུ་ཡང་ཕེབས་ཏེ་གུ་དྲག་གི་དབང་དང་སྒྲུབ་ཐབས་བརྒྱ་རྩ་དང་མགོན་པོའི་ཆོས་སྐོར་དུ་མ་གསུངས་སོ། །
ཀུན་དགའ་བསམ་གྲུབ།
བདག་ཆེན་དེ་ཉིད་དང་ཡར་འབྲོག་པའི་ཁྲི་ལྕམ་བུ་འདྲེན་སྐྱིད་ལ་སྲས་གཉིས་འཁྲུངས་པའི་ཆེ་བ་བདག་ཆེན་རིན་པོ་ཆེ་ཀུན་དགའ་བསམ་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་སྟེ། འདི་ནི་ཤིང་མོ་ཕག་གི་ལོ་ལ་འཁྲུངས། སྐྱེས་ཐོབ་ཀྱི་མཁྱེན་རབ་ཆེ་ཞིང་ས་ལོ་ཙཱ་བ་སྐུ་མཆེད་རྣམས་དང། རྡོ་རྗེ་འཆང་དཀོན་མཆོག་ལྷུན་གྲུབ་འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ལོ་ཆེན་རཏྣ་བྷ་དྲ་ལ་སོགས་པའི་བླ་མ་རྣམས་བསྟེན་ནས་གསན་སྦྱོང་མཛད། དབུ་བླ་རྣམས་ལ་གུས་འདུད་ཤིན་ཏུ་ཆེ་ཞིང་རང་ཉིད་ཀྱིས་ཀྱང་བསྙེན་སྒྲུབ་མཐར་ཕྱིན་པར་མཛད། རྩེ་གདོང་དུ་