[A:༤༢༣]ནོར་བུ་སྡེ་གཟར་ཐུག་པས་རེ་ཞིག་གསང་རྒྱའི་ནས་སྐུ་རིམ་དུ་ཁ་གཡར་བའི་རིས་མེད་ཆོས་སྡེར་མང་འགྱེད་རྒྱ་ཆེར་སོགས་དགོངས་རྫོགས་རྟེན་བཞེངས་དུས་དྲན་གྱི་བར་རྨད་དུ་བྱུང་བ་བསྒྲུབས་པ་གོང་ཡབ་རྗེ་རྡོ་རྗེ་འཆང་ཉིད་ཀྱི་རྣམ་ཐར་དུ་གསལ་བ་ལྟར་དང་།
དགུངས་གྲངས་ཉེར་བཞིར་ཕེབས་ཐོག་ཡབ་རྗེའི་བཞེད་སྐོང་དུ་དམིགས་སྤྲུལ་པའི་ལྷ་ཁང་ཆེན་མོའི་ལྡེབས་བྲིས་མཐིལ་ཞལ་ཉམས་གསོ་སོགས་ཀྱི་དབུ་བཙུགས། ལྡེབས་བྲིས་སྔོན་མ་ཚང་འགྲིག་གསར་བྲིས་ཀྱི་ཁར། ཕྱོགས་གསུམ་ཆར་དུ་ཡབ་རྗེ་རིན་པོ་ཆེའི་སྐུ་བརྙན་ཐོག་ཚད་རེ་དང་། གཞན་ཡང་རྣམ་རྒྱལ་བརྒྱ་ཚར་སོགས་སངས་རྒྱས་བྱང་སེམས་བླ་བརྒྱུད་ཡི་དམ་ཆོས་སྲུང་གི་སྐུ་བརྙན་ཤིན་ཏུ་མང་བ་བསྣན་པར་སྐུ་བརྙན་རྣམས་ལ་གསེར་བཏུལ་མ་ཞོ་བརྒྱ་ལྷག་པ་ལྗིབ་གསོལ་དང་། བཞུགས་ཁྲི་ཆེན་མོའི་ཐད་ཀྱི་ལྡེབས་བྲིས་ལ་གཙོ་བོ་འཇམ་དབྱངས་དང་། སྔགས་འཆང་ཆེན་པོ་གཉིས་ལ་རྣལ་འབྱོར་དབང་ཕྱུག གོང་མ་ལྔ། ས་ལོཆེན་བོ། ཡབ་རྗེ་རིན་པོ་ཆེ། རྗེ་ཉིད་ཞབས་འབྲིང་པ་བཅས་དང་། གཞན་ཡང་གདན་ས་ཆེན་པོར་བསྔགས་པ་སྙན་ངག་དབང་པོའི་ཉེར་འཚོ་གདུང་རབས་ཡ་རབས་ཁ་བརྒྱན། ཡབ་རྗེ་རིན་པོ་ཆེའི་རྣམ་ཐར་རགས་རིམ་སོགས་གསར་བཀོད་དང་། གཞན་ཡང་རྒྱུག་དྲ་ཀོ་དྲ་རྡོ་གཅལ་ཁྱམས་སྟོད་སྒོ་དམར་གཡས་གཡོན་གྱི་གཡབ་