R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༣
[A:༤༣]ཡང་སྐྱ་སེར་བསམ་གྱིས་མི་ཁྱབ་པ་འདུས་པའི་དབུས་སུ། ཆོས་སྐྱོང་ཆེན་པོའི་གསུང་གིས། ད་ལྟ་བོད་ན་གང་ཟག་འཁྲུལ་པ་ཟད་པ་མང་པོ་མེད། ས་སྐྱ་པ་ཆེན་པོའི་གཅེན་ཧོར་ཡུལ་དུ་བྱོན་ནས་ཉི་མ་རེ་ལ་ཡང་རྫུ་འཕྲུལ་མང་དུ་སྟོན་པར་འདུག་སྟེ། དེ་གྲུབ་རྟགས་སུ་ཤེས་པ་གདུག་འདྲེ་མིན་པ་མི་འདུག་ད་སྟག་ལུང་ན་བྱོན་ཡོད་པས་ཟབ་ཡངས་མཐིལ་གྱི་གཙུག་ལག་ཁང་འདི་རྣམས་ལ། ས་སྐྱ་པ་ཆེན་པོ་དང། དགེ་བཤེས་གཅེན་པོ་གཉིས་ཀྱིས་རབ་ཏུ་གནས་པ་དང། སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་སློབ་དཔོན་པདྨ་ལ་གསོལ་འདེབས་རྒྱས་པར་མཛད་ན། བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྟེན་འབྲེལ་ཁྱད་པར་ཅན་ཡོད་པས། ས་སྐྱ་པ་ཆེན་པོའི་གཅེན་པོ་ཉིད་གདན་འདྲེན་པར་གཏོང་དགོས། ཞེས་གསུངས་པ་ལ་བརྟེན་ནས། རྩེ་གདོང་བདག་ཆེན་པའི་དྲུང་དུ། བསམ་ཡས་པའི་ལྷ་མི་རྣམས་ཀྱིས་སྤྱན་འདྲེན་གྱི་ཞུ་ཡིག་དང། ཁྱད་པར་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་ཞུ་ཡིག་མི་སྣ་དང་བཅས་པ་གནང་བའི་ཚེ་བདག་ཆེན་ཀུན་དགའ་བསམ་གྲུབ་ཀྱང་སྐུ་མཆེད་མཇལ་བ་ལ་ཐུགས་ཤིན་ཏུ་སྤྲོ་བར་གྱུར་ནས། སྤྱན་འདྲེན་པ་རྣམས་ཞབས་དྲུང་དུ་སླེབས་མ་ཐག་སྟག་ལུང་པ་རྣམས་ལ་སླར་གང་མྱུར་ཕེབས་པའི་བཀའ་བཞེས་གནང་ནས། དེ་མ་ཐག་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་བསམ་ཡས་སུ་ཕེབས་པའི་ཚེ། དེར་བཞུགས་ཀྱི་