[A:༤༥༡]པ་དཔེ་ཅན་དང་། ཚངས་པའི་རལ་པ་ནས་ཆུ་བོ་གངྒཱ་ཁྱབ་འཇུག་གི་ཞབས་བསིལ་དུ་ཕབས་པ་རྒྱ་མཚོར་བབས་པ་དཔེར་མཛད་པའི་མཐའ་དག་གཟུགས་ཅན་དང་།
གཏན་བདེའི་ནོར་བུ་དོན་གཉེར་མགྲོན་པོ་རྣམས། །བརྩེ་ཆེན་བླ་མའི་ཐུགས་བཅུད་གྲུ་གཟིངས་ལ། །བརྟེན་ནས་ཐར་པའི་རིན་ཆེན་གླིང་ཁྲིད་པའི། །དེད་དཔོན་མཆོག་དེ་ཁྱོད་མིན་གཞན་ན་ཅི། །ཞེས་ཐར་པ་དོན་གཉེར་མཆིས་ན་རྗེ་འདི་ལ་གསོལ་བ་བཏབ་ཕྱིན་བརྩེ་ཆེན་སྙིང་པོའི་ཐུགས་བཅུད་སྙན་བརྒྱུད་ལ་བརྟེན་ནས་ཐར་གླིང་དུ་ཁྲིད་ནུས་པ་ནི། རིན་ཆེན་དོན་དུ་གཉེར་བ་རྣམས་ངེད་དཔོན་མཁས་པ་ལ་བརྟེན་ན་གྲུ་གཟིངས་སུ་བཅུག་ནས་རིན་ཆེན་གླིང་དུ་སླེབ་པའི་དཔེས་རྒྱན་སྔ་མ་ལྟར་དང་།
ཡང་སྲིད་ཉེར་ལྔ་འཇམ་པའི་རྡོ་རྗེ་ཡིས། །རྗེས་བཟུང་ལྔ་རིག་འཆད་སྙན་སྒྲ་བོ་ཆེ། །ས་སྐྱ་ལོ་ཙཱའི་བསྟན་པ་གངས་ཅན་ཀུན། །ཡོངས་ཁྱབ་སྤེལ་བར་བསམ་བཞིན་བྱོན་ན་སྙམ། །ཞེས་མི་ནས་མིར་གྱུར་ཡང་སྲིད་ཉེར་ལྔར་འཇམ་མགོན་གྱིས་རྗེས་སུ་བཟུང་བའི་ས་སྐྱ་པཎ་ཆེན་དེ་ཉིད་སླར་ཡང་རང་གི་བསྟན་པ་སྤེལ་བའི་ཆེད་དུ་རྗེ་འདིར་སྤྲུལ་ནས་ཕེབས་པར་ཡིན་ནམ་སྙམ་ཞེས་རྗེ་འདི་ཉིད་མཁས་པའི་ཚུལ་ལ་བསྔགས་པ་རབ་རྟོག་སྙམ་སྒྲ་