R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༥༢
[A:༤༥༢]ཅན་དང་། ཆོས་རྒྱལ་འཕགས་པའི་གདན་ཁྲི་པད་ཅན་སྟེང་། །ཞབས་རྡུལ་དམར་འོད་ལྷུང་བའི་འདྲེན་པ་ཁྱོད། །ས་གསུམ་སྐྱེ་དགུའི་ཚོགས་ཀྱི་གཙུག་གཏོར་རྩེར། །རྡོ་རྗེའི་སྐྱིལ་ཀྲུང་གཅིག་གིས་ཁྱབ་པ་འདྲ། ཞེས་ཀུན་གྱི་གཙུག་རྒྱན་དུ་གྱུར་པ་ཆོས་རྒྱལ་འཕགས་པ་དང་མཚུངས་པར་བསྔགས་པ་ལ་སྐྱིལ་ཀྲུང་རྒྱ་ཆེ་དྲགས་པས་སྲིད་པ་གསུམ་མནན་པ་འདྲ་ཞེས་རབ་རྟོགས་འདྲ་བའི་སྒྲ་ཅན་སོགས་དཎྜིའི་གཞུང་ལུགས་ལས་དྲངས་པ་རྒྱལ་དབང་ཉིད་ཀྱི་ཆབ་ཤོག་གླེགས་བམ་དུ་གསལ་བ་བཞིན་གནང་བ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཐམས་ཅད་མཁྱེན་པའི་ཡོན་ཏན་ནི། །ཐམས་ཅད་མཁྱེན་པ་ཉིད་ཀྱི་མཁྱེན། །ས་གཞི་ཡི་ནི་ལྕི་བའི་ཚད། མཐའ་ཡས་ཉིད་ཀྱིས་ཤེས་པར་འགྱུར། །ཞེས་པ་ལྟར་སྣང་ཞིང་། དེ་ལྟ་བུའི་སྙན་ཕྲིན་གྱིས་ལམ་ནས་གསུང་ངག་རིན་པོ་ཆེ་གསན་བསྐུལ་གནང་འབྱོར་དང་། མཁན་ཆེན་དྲུང་དུའང་གསུང་ངག་སློབ་བཤད་གནང་ཐུབ་པ་དགོས་ཚུལ་དེ་བཞིན་ཡོད་འདུག་པ་བཅས་ཡོས་ལོ་སྣྲོན་ཟླའི་ཉེར་ལྔ་ལ་ཆིབས་བཏེག་ཤབ་དགེ་སྡིངས་སུ་ཕེབས་པའི་ཕྱི་ཉིན་ནས་མཁན་ཆེན་ཡང་བྱོན་པ་དང་། གཞན་ཡང་དབོན་རིན་པོ་ཆེ་ངག་དབང་བློ་གསལ་མཆོག་ལྡན། སྒྲ་པ་བཤེས་གཉེན་རྣམ་རྒྱལ། བྱ་ཚང་རྗེ་དྲུང་སོགས་ཀྱང་