[A:༤༨]དཀོན་མཆོག་དཔལ་ལྡན། བྲང་ཏི་པ་ནམ་མཁའ་དཔལ་བཟང། ཐུབ་བསྟན་མཁན་ཆེན་བྱམས་པ་རབ་བརྟན་ལ་སོགས་ལས་ཆོས་དུ་མ་གསན། བསྙེན་སྒྲུབ་དུ་མ་མཛད་ཅིང་ནུས་མཐུ་བསམ་གྱིས་མི་ཁྱབ་རྣལ་འབྱོར་དབང་ཕྱུག་གི་སྤྲུལ་པར་གྲགས། དགུང་ལོ་བཞི་བཅུ་པ་ས་ཕོ་བྱི་བའི་ལོ་ས་ག་ཟླ་བའི་ཚེས་ལྔ་ལ་ཞིང་གཞན་དུ་གཤེགས། སྐུ་གདུང་ཞུགས་པ་ཕུལ་བས་སྐུའི་རྩིབས་རུས་ལ་བདེ་མཆོག་ཕྱག་བཅུ་གཉིས་པ་ཡབ་ཡུམ་སེན་མོའི་ཁྱོན་ཙམ་པ་ངོ་མཚར་བ་འབུར་དོད་དང། སྤྱན་རས་གཟིགས་ཀྱི་སྐུ་དང་རིང་བསྲེལ་གྲངས་མེད་བྱོན། མེ་ཏོག་རེ་ལ་འཇའ་གུར་རེ་ཡོད་པ་མང་པོའི་ཆར་བབས་སོ། །
ཀུན་དགའ་བསོད་ནམས་ལྷུན་གྲུབ།
བདག་ཆེན་དེ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་ནི་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་སྟེ། བདག་ཉིད་ཆེན་པོ་འདི་ནི། ཡབ་དཔལ་ས་སྐྱ་པ་ཆེན་པོ་བདག་ཆེན་ཀུན་དགའ་བདེ་ལེགས་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་དང། ཡུམ་ནི་ལྷ་མོ་ནོར་རྒྱུན་མའི་རྣམ་འཕྲུལ་ཡིན་པར་བདག་ཆེན་ཀུན་དགའ་བསམ་གྲུབ་པས་ལྷུམས་སུ་ཡོད་དུས་བྱ་བཟང་དུ་ལུང་བསྟན་