R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༥༠༣
[A:༥༠༣]ཁྲིར་ཕེབས་ནས་དེ་སྐབས་ཀྱི་ལྷག་བསམ་དག་པའི་འབྲེལ་ཐོགས་རྣམས་ཀྱི་དགེ་རྩ་བསྟན་འགྲོ་སྤྱིའི་ཕན་བདེའི་དཔལ་དུ་གསུང་བསྔོ་རིན་པོ་ཆེས་རྒྱས་འདེབས་དང་། ཁྲི་འབུལ་གྱི་དངོས་པོ་ཕལ་ཆེར་མཆོད་སྦྱིན་དུ་བསྩལ། དགུང་ལོ་བཅོ་ལྔ་ཚུན་ལ་གདན་ས་ཆེན་པོའི་སྒྲུབ་མཆོད་རྒྱུད་འདོན་དུས་རིམ་བསྐང་ཟློག་རིགས་ཉི་ཤུ་སྐོར་ཐུགས་འཛིན་ཕྱག་ལེན་བཅས་བྱང་ཆུབ་པར་མཛད། བཅུ་དྲུག་པར་རྡོ་རྗེ་གཞོན་ནུའི་གསུང་བསྙེན་སྨིན་རྒྱས་གནང་། འདི་སྐབས་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ལ་རྒྱལ་ཡུམ་དམ་པ་དེ་ཉིད་སྐུ་གཤེགས་པར་ཐུགས་ངལ་གྱི་རྣམ་པ་དཔག་ཏུ་མེད་པ་གནང་ཞིང་རྒྱལ་ཡུམ་ཉིད་ཀྱི་དགོངས་པ་དག་པའི་ཞིང་དུ་རྫོགས་པའི་གསུང་སྨོན་རྩེ་གཅིག་པ་དང་། བསགས་སྦྱང་མཆོད་སྦྱིན་སྒེར་པ་རྒྱ་ཆེར་མཛད། དགུང་གྲངས་བཅུ་བདུན་པར་མགོན་ཁང་རྣམས་སུ་ཕྲིན་བཅོལ་རྒྱས་པ་དང་བཅས་ཀྱཻ་རྡོ་རྗེའི་བཞི་བསྙེན་ལ་བཞུགས་པའི་ཁོངས་སུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཟབ་ལམ་དུ་མའི་སྒོ་ནས་ལུས་སྦྱོང་འཁྲུལ་འཁོར་སོགས་ཀྱང་སྨིན་པར་གནང་བའི་ངང་ནས་ཁ་སྐོང་སྦྱིན་སྲེག་བཅས་གནང་ཚེ་རིམ་པ་གཉིས་ཀྱི་ལམ་ལ་གོམས་པ་མཐར་སོན་རྟགས་ཐ་མལ་གྱི་སྣང་གྲགས་རིག་གསུམ་ལྷ་