[A:༥༩]དེ་ནས་སླར་རྩེ་གདོང་དུ་ཕེབས་པ་དང་དུས་ཆེར་མི་འགྱང་བར། འབྲུག་ལོ་ནས་རྗེ་དཀོན་མཆོག་དཔལ་ལྡན་པ་རྩེ་གདོང་དུ་སྐུ་མཚམས་ལོ་གསུམ་པའི་རིང་ལ། ཉིན་མོའི་དུས་ཐམས་ཅད་དུ་རྗེ་དེའི་སྐུ་གཞོགས་རང་དུ་བཞུགས་ནས་ཐུབ་པ་དགོངས་གསལ་དང། སྡོམ་གསུམ་རབ་དབྱེ་ལ་སོགས་པའི་གསུང་རབ་དང། ཀྱཻ་རྡོར་ལ་སོགས་པའི་སྨིན་གྲོལ་སྐོར་གྱི་གསན་སྦྱོང་ཕྱག་ཁྲིད་དང་བཅས་པ་རྒྱུན་ལྡན་དུ་མཛད་པ་དང། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལ་སོགས་པའི་ཁྲིད་ཆེ་ཆུང་དུ་མ་དང། དབང་རྗེས་གནང་ལུང་ལ་སོགས་པའི་ཆོས་གསན་པ་འབའ་ཞིག་གིས་དུས་འདའ་བར་མཛད། ཕྱིས་གདན་ས་ཆེན་པོར་ཆེ་འདོན་གྱི་སྐབས་སུ་ཡང་གསུང་ཆོས་གསན་པ་སོགས། རྗེ་འདི་ཉིད་ཐུགས་ཀྱི་སྲས་དམ་པར་གྱུར་ཏེ། ཐུགས་དད་བསམ་གྱིས་མི་ཁྱབ་པས་རིགས་ཀྱི་བདག་པོ་དམ་པར་དགོངས་པ་མཛད་དོ། ། སྐུ་ཕྲ་མོའི་དུས་རྗེ་ཀུན་དགའ་རྒྱལ་མཚན་པ་ལ་ཚེ་དབང་སོགས་ཆོས་ཐོས་ཡོད་འདུག་ཀྱང་ངེད་རང་གིས་ཆེར་མི་དྲན་པར་འདུག་གསུངས། རྗེ་དཀོན་མཆོག་དཔལ་ལྡན་པ་ཡབ་ཀྱི་དབུ་བླར་བསྟེན་པ་ལས་ཀྱང་སྔ་བར་རྗེ་ནམ་མཁའ་དཔལ་བཟང་པ་དབུ་བླ་གནང་བ་སྔ་ཞེས་གསུང་ངོ། །
དེ་དུས་རྗེ་ངོར་པས་ཐུགས་འདུན་རྩེ་གཅིག་པའི་སྒོ་ནས་ཞལ་ངོ་ཡབ་ཡུམ་ལ་གདུང་བརྒྱུད་རིན་པོ་ཆེ་སྐུ་མཆེད་རྣམས་གདན་ས་