[A:༦༤༢]ཕྲིན་ལས་དབང་མོར་བཏགས་པ་དེ་བཙས་པས་བླ་མ་དཀོན་མཆོག་རྒྱལ་པོས་ད་རྗེ་བཙུན་ས་སྐྱ་པའི་གདུང་མི་མཐོང་བ་འདྲ་གསུངས་ནས་ཞིང་ཁམས་བརྗེས། ལྷ་ཆེན། ཁྱམས་སྟོད་གོང་མ་ལྔ་སོགས་ཀྱི་སྐུའི་ས་ཁྲི་རྣམས་ཤིང་ཁྲི་བང་རིམ་ཅན་གསེར་ཤོག་ཚོན་རྩི་སོགས་ཀྱི་མཛེས་པར་རོལ་སིལ་སྒྲིག་སྒོ་བཅས་གསར་བསྐྲུན་ལ་སྐུ་དང་མཆོད་ཆ་རྣམས་བཞུགས་སུ་གསོལ། འཇག་ཁང་དུས་མཆོད་སོགས་ཀྱི་ཉམས་གསོ་མཐར་ཕྱིིན་པར་འདྲེན་མཆོག་དམ་པ་འདི་ཉིད་རྡོ་རྗེ་འཛིན་པ་པའི་འཁོར་ཚོགས་དང་བཅས་པས་རྡོ་རྗེ་ཕུར་པའི་རབ་གནས་ཞག་བདུན་མ་གནང་དུས་རྩེ་དམར་གྱི་སྤྲུལ་པ་ལྟ་བུས་ཨ་ཙ་ར་ཅོཙོ་ཁན་བྷ་ཏི་ཟེར་བ་ཞིག་གིས་དུང་དཀར། མེ་ལོང་དར་དམར་ཅན། རཀྴ་གདོང་དྲུག་པ། བཅུ་གཅིག་པ། ཉི་ཤུ་བ་རྣམས་དང་། ཐལ་ཆེན། གངྒཱའི་ཆུ་ལྦལ་གུ་གང་བཅས་ཕུལ་ཏེ་དེ་རང་ཚེ་ནམ་གནས་བར་ཞབས་ཕྱི་ནང་གྲས་ཐུགས་རྩིས་ཅན་དུ་མཛད། སྟོད་ཕྱོགས་ཀྱི་དཔོན་ཨུས་ཚིང་ནོ་ཡོན་ཕུན་ཚོགས་བདེ་ལེགས་འཁོར་བཅས་འབུལ་ཆེན་དང་བཅས་མཇལ་ཕྱག་ཚེ་དབང་ཞུ་བར་འབྱོར་བས་རེ་བ་རྫོགས་པར་མཛད། བཞི་ཐོག་ཕོ་བྲང་གི་སྡེ་ཡངས་ཀུན་དགའ་ར་ཆུང་གི་བསྐོར་རྣམས་བཟོ་བཀོད་ཕུན་སུམ་ཚོགས་པར་མཛད་དེ་མཐར་ཕྱིན་པ་ན། འདྲེན་མཆོག་དམ་པ་འཁོར་ཚོགས་དང་བཅས་པས་རིག་འཛིན་ལྷ་ཁང་དུ་རབ་