R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༦༦༠
[A:༦༦༠]ཞལ་ངོ་རྣམས་ཚོ་དུ་མར་བཞུགས་དགོས་བྱུང་བས་ཕུན་ཚོགས་གླིང་ན་ཡུམ་སྐུ་དྲིན་ཅན་དེ་ཉིད་དང་ཨ་ནི་ལགས་བཞུགས། རྗེ་དེ་ཉིད་ལྷ་ཁང་རྩེ། མ་ལགས་དང་ངོས་སྤུན་བདག་མོ་ལྷ་མཛེས་བུ་ཁྲིད་རྣམས་བཞི་ཐོག་ན་ཡོད་སྐབས་ཕུར་སྒྲུབ་ཚུགས་ཐོག་གནས་གསར་རྡོ་རྗེ་འཆང་ཕེབས་ཐེངས་གཉིས་པ་དང་། རྟ་ནག་མཁན་ཆེན་ངག་དབང་ཚུལ་ཁྲིམས་བཟང་པོའང་བྱོན། རིགས་ཆ་དང་བདུན་པའི་བཀའ་འགྱུར་ཟླ་སྟོད་ལ་ཚུགས་པ་ལས་རིག་གྲྭའི་གཟིགས་མོར་ཡང་རྒྱལ་ཡུམ་དེ་ཉིད་ཀྱིས་ནན་ཏན་མཛད། བཀའ་འགྱུར་ཁྱམས་སྨད་བྱང་དུ་ཚུགས་སྐབས་ལྷ་མཐིལ་མཆོད་མཇལ་ལ་འབྱོན་ཞོར་བཀའ་འགྱུར་ཚོགས་གཤམ་ནས་སྐུ་ན་བགྲེས་མོ་དེས་བརྒྱ་ཕྱག་བརྒལ་ཙམ་ཐུགས་སྨོན་དང་བཅས་མཛད། ཟླ་བ་དེའི་ཉེར་དྲུག་ཆད་པའི་ཉེར་དགུ་ལ་ཕུན་ཚོགས་གླིང་གཟིམ་ཆུང་དུ་གསུང་གཏོར་མཛད་མུར་སྟེང་གྲིབ་འདྲ་བའི་བསྙུན་གཞི་གློ་བུར་བ་ཞིག་བཞེས་པར་ཕུར་སྒྲུབ་གུང་སེང་ཐོག་དེའི་གནས་ཚུལ་རྗེ་ཉིད་ལ་ཞུས་པ་བཞིན་རྐྱེན་སེལ་སོགས་གང་ཅིའི་ཞལ་བཀོད་གནང་ཡོད་འགྲོ་ཡང་ཞིབ་པར་མ་ངེས། དེ་ནས་དགོངས་མྱུལ་ཙམ་ལ་རྒྱལ་ཡུམ་སྐུ་དྲིན་ཅན་བསྟན་འཛིན་བསོད་ནམས་བཟང་མོ་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པར་རྗེ་སྐུ་མཆེད་ནས་ཀྱང་སྐྱབས་འཇུག་ཡང་དག་བཀའ་དྲིན་