R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༧༡
[A:༧༡]རླབས་ཡོངས་རྫོགས་སྩལ་ནས་རྩེ་གདོང་དུ་ཕེབས་ཏེ། ས་ཕག་ལོ་དབྱར་བྲང་ཏི་པ་སྤྱན་དྲངས་ཏེ་ཟླ་བ་བཅུ་ལྷག་ཙམ་ལ་ཁྲིད་བཀའ་བཅུ་གསུམ་སོགས་གསན། ལྕགས་གླང་ལོ་དབུས་སུ་ཆིབས་བསྒྱུར་དུས་གླིང་སྟོད་ཆོས་རྗེ་ཀུན་དགའ་འབྱུང་གནས་ཀྱི་མནལ་ལམ་དུ་གསང་མདའ་ན་བྱམས་མགོན་གྱི་སྒར་ཡིན་ཟེར་བ་མང་པོ་ཤར་བ་ནས་ཟླ་བ་གཉིས་ཙམ་སོང་ཚེ་དེར་རྗེ་འདིས་བཞུགས་སྒར་ཕེབས་བྱུང་གསུང་བ་དང། ནཱ་ལེནྡྲའི་བཀྲས་ཕུག་ཏུ་ཕེབས་དུས་སྨྱོན་མ་ཞིག་གིས་བྱིན་རླབས་ཞུས་གཞན་གྱིས་ཁྱོད་གར་ཕྱིན་དྲིས་པས་མི་ཕམ་མགོན་ལ་བྱིན་རླབས་ཞུར་སོང་བ་ཡིན་ཟེར། ནཱ་ལེནྡྲར་ཕེབས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་དངོས་སློབ་ཆོས་རྗེ་སངས་རྒྱས་རིན་ཆེན་གྱི་རྗེ་འདི་རྣལ་འབྱོར་དབང་ཕྱུག་རུས་པའི་རྒྱན་དྲུག་ཅན་དུ་ཡུན་རིང་པོར་གཟིགས་ཤིང་གཟིམ་ཁང་དུ་ཕེབས་ནས་ད་ལྟའི་སྐུར་གཟིགས། དེ་ནས་ནཱ་ལེནྡྲར་གསུང་ངག་དང་རྡོ་རྗེ་ཕྲེང་བ་སོགས་སྩལ་ཏེ་རྩེ་གདོང་དུ་ཕེབས། ཆུ་སྟག་མགོ་ཟླའི་བཅུ་གསུམ་གྱི་ཐོ་རེངས་པཎ་ཆེན་ནམ་མཁའ་དཔལ་བཟང་ཞིང་ཁམས་བརྗེས་ཏེ་དེའི་དགོངས་རྫོགས་སྒྲུབ་པར་ཨེ་ཝཾ་ཐར་རྩེར་ཕེབས་ནས་དཔོན་སློབ་ལྔས་སྐུ་གདུང་གི་དྲུང་སྔ་དྲོ་ཀྱཻ་རྡོར་སྒྲུབ་མཆོད་དང་ཕྱི་དྲོ་བླ་མཆོད་མཛད། རྒྱལ་