[A:༡༠༨]དངར་བ་རྣམས་ཀྱི་ནང་ནས་རགས་པ་ཙམ་ཞིག་བརྗོད་ན། འདི་ལྟ་སྟེ། གསོལ་འདེབས་བརྒྱུད་འདེབས་ཞལ་སྐོང་སྐོར། གདུང་རབས་སོགས་རྣམ་ཐར་བསྒྲིགས་རྩོམ་སྐོར། སྒྲུབ་དཀྱིལ་བསྒྲིག་ཆོག་བསྙེན་ཐབས་སྦྱིན་སྲེག་སྐོར། དཀར་ཆག་བཅའ་ཡིག་དེབ་དང་དཔྱད་ཁྲའི་སྐོར། བསྐང་མདོས་འཕྲིན་འཆོལ་གཏོར་བཟློག་རུ་མཚོན་སྐོར། དྲིས་ལན་སྣ་ཚོགས་པའི་སྐོར་སོགས་གསུང་རབ་གླེགས་བམ་རིན་པོ་ཆེ་བཅུ་ཕྲག་གཅིག་དང་ཉག་མ་རྩེ་མོའི་གྲངས་ལྡན་བཞུགས་པའི་ལྗགས་རྩོམ་གྱི་ཕྲེང་བ་ཚར་དུ་དངར་བ་རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་བསྟར་བར་མཛད་པ་འདི་དག་ནི། ཇི་སྐད་དུ། དགེ་སྦྱོང་ཕལ་ཆེར་ཐོས་པ་ཉུང༌། །ཐོས་པ་དེ་དག་བརྩོན་པ་ཉུང༌། །སྡོམ་བརྩོན་ཕལ་ཆེར་བཀུར་བ་ཉུང༌། །བཀུར་བ་དེ་དག་སྡོམ་བརྩོན་ཉུང༌། །སྦྱིན་བདག་ཆོས་ལ་དད་པ་ཉུང༌། །དད་པ་ཅན་གྱི་མཆོད་བྱ་དམན། །མཆོད་པ་དེ་དག་ལོག་འཚོའི་རྒྱུ། །ཞེས་གསུངས་པ་ལྟར་སྙིགས་མ་ལྔ་ཆེས་ཆེར་བདོ་བའི་དུས་འདིར་ཆོས་དོན་དུ་གཉེར་བ་སོགས་ཉུང་བ་དང༌། དོན་གཉེར་ཡོད་པ་རྣམས་ཀྱིས་ཀྱང་དམ་པ་གོང་མའི་གསུང་ཟབ་བརླིང་དང་ལྡན་པ་རྣམས་མྱུར་དུ་མི་རྟོགས་པས། དམ་པ་གོང་མའི་གསུང་ལ་གཞིར་མཛད་དེ་ནག་འགྲོས་འབའ་ཞིག་ཏུ་བཀོད་པ་མཛད་པ་འདི་ནི་ཐུགས་རྗེ་དང་དགོངས་པ་ཁྱད་པར་ཅན་དུ་འཁུམས་སོ། །རྗེས་འཇུག་རྣམས་སྤྲོ་དགའི་འཛུམ་སྒྲོས་བཞད་པའི་འོས་སུ་གྱུར་ལགས་སོ། །
གཉིས་པ་བསམ་སྒོམ་འཆད་རྩོད་ཀྱིས་མཚོན། ལུགས་གཉིས་ཀྱི་མཛད་