R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༣༥
[A:༡༣༥]མཛད་པ་འདི་ནི་རྗེ་ཉིད་ཀྱི་གུར་གྱི་ལྗགས་བསྙེན་གཉིས་པའི་སྐབས་དང༌། དེ་ནས་འཇམ་མགོན་སངས་རྒྱས་ཡེ་ཤེས་ལ་གོང་དུ་བསྟན་པའི་གྲུབ་ཆེན་བརྒྱད་ཅུ། ཉི་སྦས་སྒྲོལ་མ། སྣར་ཐར་བརྒྱ་རྩ། ས་སྐྱ་བཀའ་འབུམ་གྱི་ལྗགས་ལུང་རྣམས་ཞལ་རྒྱས་རྒྱས་ནས་གསན་སྐབས་འཇམ་མགོན་མཐུ་སྟོབས་ཀྱི་མཚན་ཅན་གང་ལ་སྐུ་ཁྲག་བརྟས་པ་ལྟ་བུའི་སྙུན་གཞི་ལྕི་བ་ཞིག་བཞེས་སྐབས། ངོར་པ་དཔོན་སློབ་རྣམས་ཀྱིས་འཇིགས་བྱེད་དྲུག་ཅུ་པ། རྣམ་རྒྱལ་སྟོང་མཆོད་སོགས་དང༌། ཆོས་གྲྭ་ལྷོ་བྱང་ནས་ཀྱང་སྐུ་རིམ་རྒྱ་ཆེ། ལྷག་པར་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་ཚེ་སྒྲུབ་རྣམས་ལ་ཐུགས་བརྩོན་ལྷུར་བཞེས་མཛད་པས། རེ་ཞིག་ནས་སྐུ་ལུས་ལས་འབུ་མཐོ་གང་ཙམ་ཞིག་མངོན་སུམ་དུ་ཐོན་པས་འཕྲལ་དུ་སྙུན་གཞི་ལས་གྲོལ་བའང་རྗེ་རྡོ་རྗེ་འཆང་ཉིད་ཀྱི་སྐུ་དྲིན་དུ་ཡང་དག་པར་འཁུམས་ལགས། རྟ་ཟླའི་ནང་འདྲེན་མཆོག་སངས་རྒྱས་ཡེ་ཤེས་ཉིད་ལ་གྲངས་ཆེན་བཅོ་བརྒྱད་ཀྱི་ལྗགས་ལུང་སོགས་ཆོས་བཀའ་རྒྱ་ཆེར་བསྩལ་བ་རྣམས་དེ་ཉིད་གསན་ཡིག་བཞིན་དང༌། གཞན་ཡང་ཡུལ་ཆེན་བན་ཚང་པ། ངོར་གྱི་གྲྭ་རྒྱུན་ཁ་ཤས་སྐུ་དྲུང་སྐུ་སྐྱེ། ཀླུ་ལྡིང་ཞབས་དྲུང༌། གདོང་དགའ་ཆོས་སྡེ་བ། སྤྱི་ཤིང་བླ་མ་སོགས་ལ་དབང་ཆོས་རྒྱ་ཆེར་སྩོལ་སྐབས་མཛོད་འཛིན་པ་བྲོ་ཚལ་གྱི་མུ་དང༌། དེ་མཚམས་ནས་རྗེ་རྡོ་རྗེ་འཆང་ཉིད་གཞིས་རྩེ་རིན་རྩེ་སོགས་ལ་ཕེབས་སྐབས་ཏེ། རྗེ་ཉིད་ཀྱི་གསུང་ལས། དེ་ལོ་ངས་ནི་གཞིས་རྩེ་རིན་རྩེ་སོགས་ལའང་སྲིད་པ་བར་དོའི་རྣམ་ཐར་ཞིག་བསྐྱངས། ཞེས་གསུངས་སོ། །དེའི་