R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༣༨
[A:༡༣༨]ཕུན་ཚོགས་ལས་འཁུར་དུ་བཀའ་ཡིས་མངགས་སོ།། དགུང་གྲངས་ཉེར་གཅིག་ཏུ་ཕེབས་པ་སྦྲུལ་ལོ་རྒྱལ་ཟླར་སྤང་ཤར་བླ་མར་རྡོ་རྗེ་ཕུར་པའི་དབང་དང་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། དེའི་གནམ་གང་ནས་བཟུང་བདུན་ཕྲག་གསུམ་གྱི་བར་ལྷ་ཆེན་སྤྲུལ་པའི་གནྡྷོ་ལའི་སྟེང་གི་སྔགས་འཆང་བདུད་ཀྱི་སྟོབས་འཕྲོག་ངག་དབང་ཀུན་དགའ་རིན་ཆེན་གྱི་གཟིམ་སྤྱིལ་ཏ་ལ་སྨོན་གནས་ཡིད་འོང་ཚལ་དུ། གུར་གྱི་མགོན་པོའི་ཕྱི་ཁྲིད་བྲག་རྫོང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྩལ་འདོན་བཅས་མཛད་པ་ནི། དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་བཞིན། ཐོས་པས་ཕྱིའི་སྒྲོ་འདོགས་བཅད། དེ་བསམ་བྱུང་གི་དཔྱད་པས་དག་པར་མཛད་དེ་ཇི་བཞིན་སྒོམ་པའི་ངང་ལ་ཐུགས་གཞོལ་ཞིང༌། ཚར་ཆེན་རིན་པོ་ཆེས། རྟེན་གྱི་དཀྱིལ་འཁོར་གསང་བའི་དམ་རྫས་དང༌། །རབ་ཟབ་བསད་དང་བསྐྱེད་པའི་འཁྲུལ་འཁོར་དང༌། །ཟབ་གསལ་ཏིང་འཛིན་མ་ནོར་གསང་བའི་སྔགས། །རྩེ་གཅིག་འབད་པས་བསྙེན་སྒྲུབ་མཐར་ཕྱིན་ཤིག །ཅེས་གསུངས་པའི་འབྲས་བུ་མངོན་གྱུར་གྱི་གྲུབ་རྟགས་ཀྱང་གསལ་བར་འཁྲུངས། ཞེས་ཐོས་ལགས། ཁྲིད་འདི་ཉིད་རྗེ་བླ་མ་གནས་གསར་པའི་དྲུང་དུ་གསན་སྐབས་མནལ་ལམ་འོད་གསལ་གྱི་ངང་དུ་བཀའ་རྩོམ་འདི་ལྟར་མཛད་དེ། ཁའུ་བྲག་རྫོང་ནག་པོའི་རི་ཁྲོད་དུ། །ཟབ་དོན་དུ་མའི་འབྱུང་གནས་ཆོས་ཀྱི་རྗེ། །ས་ལོ་འཇམ་པའི་རྡོ་རྗེ་རྡོ་རིང་པར། །སྙིང་ནས་གསོལ་བ་