R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༣༩
[A:༡༣༩]འདེབས་སོ་བྱིན་གྱིས་རློབས། །ཞེས་གསུངས་པ་འདི་འདྲའི་རིགས་གཞན་ཡང་རྗེ་ཉིད་ལ་མང་དུ་འཁྲུངས་ཀྱང་གསང་འོས་འགའ་ཞིག་ནི་འོད་གསལ་དེ་ལས་བཞེངས་ནས་ཐུགས་དྲན་ཆེར་མི་གསལ་བའི་ཚུལ་མཛད་ལགས། རྟ་ཟླའི་ནང་ས་ངོར་བསྟན་པའི་སྦྱིན་བདག་ཆེན་པོ་མདོ་སྨད་ས་ཡི་ཐིག་ལེ་སྡེ་བཞི་དགེ་བཅུའི་དཔལ་མངོན་པར་འབར་བའི་རྒྱལ་ཁབ་ནས། ས་སྐྱོང་བློ་གྲོས་རྒྱལ་མཚན་སྐུ་འཁོར་རྣམས་གདན་ས་ཆེན་པོར་ཆིབས་བསྐྱོད་ཐོག་རྡོ་རྗེ་འཆང་ཆེན་པོའི་དཔལ་གྱི་མགུར་ནས་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་གྲོལ་བར་མཛད་པ་ནི་འདི་ལྟ་མཐོང་སྟེ། ཚེ་དཔག་མེད་ཀྱཻ་རྡོར་རྒྱུད་ལམ་གྱི་དབང༌། དཔལ་ཆེན་ཡང་དག རྡོ་རྗེ་ཕུར་པ། འཇིགས་བྱེད། བདེ་མཆོག བོང་ཞལ། ཀུ་རུ་ཀུལླེ་ལྷ་ལྔ་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་མཛད་ཅིང༌། སྒོ་རུམ་ཡེ་ཤེས་མགོན་པོའི་དྲུང་སོགས་སུ་གུར་ལྷ་བརྒྱད། རྩ་ཏུརྨུ་ཁ་བསྙེན་དུས། དུར་བདག་པུ་ཏྲའི་ཟུར་བཀའ། དཀར་བདུད་གུར་ལྷ་བརྒྱད་ཐུན་མོང་མ་ཡིན་པ། ཁྲོ་བཅུ། དབང་ལྷ། དམར་པོ་སྐོར་གསུམ། དམག་ཟོར་མ། རྣམ་སྲས་སེར་ཅན་ལྷ་དགུ་རྣམས་ཀྱི་རྗེས་གནང༌། རྡོ་རྗེ་ཕུར་པའི་སྨད་ལས་སྒྲོལ་དབང༌། རྩ་ཏུརྨུ་ཁ་དཀར་པོ་ཚེ་འཕེལ། ཡབ་ཆོས་འཇམ་དཔལ་དཔའ་གཅིག སྒྲོལ་མ་ཚེ་སྦྱིན་མ་རྣམས་ཀྱི་རྗེས་གནང་སོགས་ཟབ་རྒྱས་གདམས་པའི་བསིལ་སེར་གྱི་བདུད་རྩིས་ས་སྤྱོད་ཐུགས་ཀྱི་ཀུནྡ་དཀར་གསལ་བཞིན་རས་ཀྱི་མེ་ཏོག་ཕྱོགས་ཀྱི་བུ་མོར་ངོམས་པའི་དགའ་སྟོན་དུ་བཀོད་པའི་མཐུ་ལ་བརྟེན་ནས།