R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༢
[A:༡༢]ལ་ནུས་མཐུ་གྲུབ་པའི་བསམ་འཕེལ་དབང༌། །ཀུན་དགའ་བློ་གྲོས་ཞབས་ལ་གསོལ་བ་འདེབས། །ངེས་པར་རྡོ་རྗེ་སྙེམས་བདག་ངང་ཚུལ་ལ། །གཡོ་མིན་ཆད་མེད་ལྷུན་གྲུབ་ཕྲིན་ལས་བདག། །འཇམ་མགོན་དཔའ་བོ་ནས་བཟུང་སྒྲོ་ལུང་བར། །སྣ་ཚོགས་སྤྲུལ་པའི་ཟློས་གར་བསྒྱུར་ལ་འདུད། །ཅེས་གསུངས་པ་ལྟར་ཡིན་ཅིང༌། འཁྲུངས་རབས་རྣམ་ཐར་རྒྱས་པ་ཤེས་པར་འདོད་ན་རྣམ་ཐར་ཆེན་མོ་ལས་རྟོགས་པར་བྱ་ཞིང༌། གཞན་ཡང་སློབ་དཔོན་རིན་པོ་ཆེའི་མ་འོངས་ལུང་བསྟན་ལས། ས་སྐྱ་བོའི་ནང་གི་ཀུན་དགའི་མིངཿ །རྐྱེན་བར་ཆད་དམ་སེལ་དོགས་ཟོན་ཟབཿ །ལྷ་ཕུར་པ་བསྟེན་ན་མཆོག་ཏུ་ཤིསཿ །རྐྱེན་དེར་གྲོལ་བོད་ཁམས་ཕན་བདེ་སྤེལཿ །ཞེས་གསལ་བ་དང༌། གང་གི་གཅུང་རིན་པོ་ཆེ། ནུབ་ནས་ས་སྐྱའི་གདུང་རྒྱུད་བྱང་ཆུབ་སེམསཿ །ཞེས་གཏེར་སྟོན་ཀུན་བཟང་བདེ་ཆེན་རྒྱལ་པོའི། གཏེར་ཆོས་ཀྱི་བདག་པོར་ལུང་གིས་ཟིན་པ་སོགས། སྐུ་མཆེད་འདི་རྣམས་སྙིགས་དུས་བསྟན་འགྲོ་སྤྱི་དང་བྱེ་བྲག་ཕན་བདེ་སྤེལ་བ་ལ་བསམ་བཞིན་མི་ཡི་ཚུལ་འཛིན་པ། ཟོག་རྫུས་མགོ་འཁོར་གྱི་རྣམ་ཐར་དག་དང་མི་འདྲ་བ་མངོན་སུམ་དུ་ལུང་གིས་གྲུབ་ཚུལ་མདོར་བསྡུས་ཙམ་དང༌། དེ་རྗེས་སྐུ་ལྷུམས་སུ་ཞུགས་པ་དང༌། ཇི་ལྟར་བལྟམས་པའི་ཚུལ་རྣམས་གོང་གི་རྣམ་ཐར་གསོལ་འདེབས་ལས། སླར་ཡང་མཚན་མཆོག་གསུམ་ལྡན་གདུང་རིགས་སུ། །ས་སྤྲེལ་སྣྲོན་ཟླའི་ཡར་ངོར་ལྷུམས་ཞུགས་དང༌། །ས་བྱ་དབོ་ཟླའི་ཡར་ངོ་དགའ་གསུམ་ལ། །གདུལ་བྱའི་མགོན་དུ་ཕེབས་ལ་གསོལ་བ་འདེབས། །ཞེས་