R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༨
[A:༡༨]སྐུ་པང་དུ་ཕེབས་ཏེ་གསན་བཞེས་མཛད། དགུང་གྲངས་བཞི་པ་ཆུ་བྱིར་སྔགས་འཆང་གྲགས་པ་བློ་གྲོས་ཀྱི་ཕྱག་ཆ་རྡོར་དྲིལ། རོལ་མོ་སིལ་སྙན་སོགས་བཞེས་ཏེ་ཐོག་སོ་གང་ཙམ་ལ་བསྐྱུར་བར་མཛད་ཀྱང་སྐྱོན་ཡེ་མི་མངའ་ཞིང༌། སྔ་ཕྱི་ཀུན་ཏུ་གཞོན་ནུ་རོལ་རྩེད་ཀྱི་སྐབས་ཀྱང་ཕུར་བསྒྲུབ་དང༌། བསྐང་གསོ། སྐུ་འཆམ། རྡོར་དྲིལ། འབག་སོགས་ཆོས་མཐུན་འབའ་ཞིག་གི་རྣམ་པས་དུས་འདའ་བ་ལས་གཞན་མ་བྱིས་སྤྱོད་ཕལ་བ་གཏན་ནས་མི་མཛད་པས། ཐུགས་སྒམ་ཞིང་དེས་པའི་སྒོ་དང་པོའང་འདི་ཙམ་ནས་དོད་ཅིང༌། ལོ་དེར་མཛོད་མཛིན་བསོད་ནམས་ཤིན་ཏུ་བྲོ་འཚལ་བས། ཉིན་གཅིག་རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་གདན་འདྲེན་གྱིས་ཕྱག་དབང་སྐབས་རྗེ་ཉིད་ལ་ཧོར་ཤེལ་གྱི་ཕྲེང་བ་སོགས་ཕུལ། མི་རིང་བར་མཛོད་པ་དེ་དུས་ལས་ཡོལ་བས་གང་གི་ཡབ་རྗེ་ཉིད་ཐུགས་ངལ་ཆེ་ཚུལ་གྱི་སྐབས། རྗེ་ཉིད་ཀྱིས་ཐུགས་གསོ་ཞབས་བརྟན་གསོལ་འདེབས་སོགས་ཞུ་གནང་དང༌། ཁོང་འདས་དུས་ཕུར་བཟློག་གློ་བུར་བ་དེའི་གདབ་ལས་ཉི་མ་བཞུད་ལ་ཁད་བྱུང་བའི་ལིངྒའི་གཡས་ངོས་སུ་འུག་པ་ཁོ་སྐྱ་ལོག་གི་ཡོད་པ་དང༌། གདབ་ཁ་དངོས་དཔལ་འབར་གྱི་འོད་ལ་མཛད་པ་སོགས་ཐུགས་དྲན་གསལ་པོར་འཁྲུངས། ཡབ་རྗེས་བསྩལ་བའི་རཀྴའི་ཕྱག་ཕྲེང་དེར་ཤིན་ཏུ་རྩིས་ཆེན་གྱིས་དེ་ལ་ཀཱི་ལ་ཡ། ཧྲཱིཿཥྚི། པཀྵིཿརྣམས་རང་བྱུང་དུ་བཟླ་པར་མཛད། གཞན་ཡང་གཟིགས་སྣང་ལ་དཔལ་མགོན་ཞལ་དང༌། པུ་ཏྲ་ལྕམ་སྲིང་དུར་ཁྲོད་བདག་པོ། བསམ་ཡས་ཆོས་སྐྱོང༌། ཨ་ཙ་ར། མི་ནག་སོགས་