[A:༢༥༠]ཁྲ་རིན་པོ་ཆེའི་དགོངས་དོན་ལྟར། མཐའ་དབུས་བདེ་ཐབས་ཆེད་བསམ་གླིང་དུ་གསུང་བསྐང་རྒྱས་པ་དང༌། ཉེར་བདུན་ལ་ནང་སོར་གསེར་ཟངས་ཀྱི་རྒྱལ་མཚན་ཟུང་དང་སྲིད་ཞི་དཔལ་འཁྱིལ་དུ་གསེར་ཟངས་ཀྱི་གམྦྷི་ར། རྒྱལ་མཚན། མཎྜལ་སོགས་གཟུངས་ལྡན་དུ་སྒྲོན་པར་མཛད། རྟ་ཟླའི་མཇུག་སྡེ་དགེ་ཁམས་ཚོགས་འགའ་ནས། བསེ་མགོན་མཇལ་ཞུས་ཀྱི་རྐྱེན་པས་ཞལ་མདོང་ནང་གི་གསེང་འཐག་རྣམས་དང་ལྗགས་བཅས་ཞལ་ནས་ཕྱིར་ཕྱུང་ཏེ་སྐུ་སྟོད་འོག་ཙི་ན་ཕན་ཚུན་གཟིངས་ཤིང་བརྐྱངས་པའི་ཚུལ་གྱིས་ཤིན་ཏུ་འཇིགས་པ་ཞིག་བྱུང་བ་རྡོ་རྗེ་འཆང་ཉིད་ནས། ཞལ་ནང་དུ་གསེང་ཐེག་མདུད་སྡོམ་དང༌། སྐུ་རྒྱབ་གྱང་ཟེར་ལ་གཏོད་པ་སོགས་གང་དགོས་མཛད་པས་ཉེས་སྐྱོན་མ་བྱུང་ཡང་སྐྱེད་སྟོན་རྩིས་པ་སོགས་ཀྱི་མོ་ལུང་ལ་བབས་པ་སོགས་ཞབས་རིམ་ཚར་ཕྱིན་མཛད། སྡེ་དགེ་ཞལ་ངོ་བསྟུད་མར་གཤེགས་པ་དང་སྐུ་ཚབ་དམག་འགྲོ་དུ་མ་བྱས་པའི་གྲིབ་རྐྱེན་དུ་ངོས་འཛིན་མཛད། གཞན་ཡང་སྒོ་རུམ་སྐོར་ལ་སྔོན་དུ་ཡབ་རྗེ་མཆོག་ནས་བསེ་མགོན་ལ་ཉམས་གསོ་མཛད་དགོས་ཡོད་འགྲོ་བསྩལ་བ་མངོན་དུ་གྱུར་གསུངས། གཞན་ཡང་གཟིགས་སྣང་མང་དུ་འཁྲུངས་ཚུལ་ཡང་མཆིས། དེ་མཚམས་ནས་བདེ་མཆོག་ནས་གང་གི་ཨ་ལྕེ་དྲུང་མཆོག་གསུམ་སྙུན་གྱིས་ཐེབས་པ་གམ་དུ་ཕེབས་པ་ངེས་འབྱུང་ལྷག་པར་འཁྲུངས་པ་དང་བཅས་སྨན་རིམ་མང་དུ་བཅད་ནས་སྐུ་མི་འཚོ་བ་མཁྱེན་འཕྲལ་ཞབས་མཇུག་དགེ་རྩ་བཀའ་འཁོར་གྱི་བསྡོམ། སྐུ་གདུང་རིན་པོ་ཆེ་ཟུང་ལ་ཚེ་ཆོག་དང་སྦྲགས་ཚེ་དབང་ཡང་