R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༦༥
[A:༢༦༥]གྱིས་གང་ཞིང་རླུང་ཡང་ལྡང་བ་བཅས་ཅུང་ཟད་འཚུབ་ཉམས་དང༌། འཇམ་མགོན་གཅུང་རིན་པོ་ཆེ་སྐུ་རྒྱབ་ཏུ་གདན་འདྲེན་གྱིས་མནལ་ཐོག་བརྡལ་ལ་སྒང་བཞུགས་ཁྲིར་ཕེབས་ཚེ་ཐུགས་ཉམས་སྤོས་ཀྱིས་མནལ་སད་པ་ནི། མདོ་སྡེ་རྣམས་ལས། དེ་བདེ་བར་གཉིད་ཀྱིས་ལོག་ཅིང༌། བདེ་བར་སད་པར་འགྱུར་རོ། །ཞེས་གསུངས་པ་བཞིན་དང༌། ཕྱི་སྐོར་འཁོར་ནས་རྗེ་ཉིད་ཀྱིས་མཆོད་བསྔོ་རྒྱས་པ་དང༌། བསྟན་བསྟན་འཛིན་སྤྱི་བྱེ་བྲག་སྣོད་བཅུད་བཅས་ལ་གནས་སྐབས་མཐར་ཐུག་གི་བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་བརྒྱན་པ་བཅས་སྩོལ་ཉིན་ཉི་མའང་གཞན་ལས་རིང་བར་བྱུང་ཞིང༌། དེ་ཚེ་རྗེ་རྡོ་རྗེ་འཆང་ཆེན་པོས་འཛིན་པར་མཛད་ཅེས་གླེང་བར་གྱུར་ཏོ། །དེ་མཚམས་རྩེ་སྐུ་ཡོན་ཁང་དང༌། གསོལ་ཐབ་ཡས་མས་རྣམས་གསར་བསྐྲུན་གྱི་ཞལ་གྲོ་ཇི་ལྟར་མཛད་པ་དང༌། དེར་གདུང་སྲས་སྐུ་མཆེད་ནས་སྐུ་ཡོན་གསན་སྦྱོང་ཇི་ལྟར་གནང་བ་སོགས་འོག་ཏུ་འགྲོ་མགོན་དབང་སྡུད་སྙིང་པོའི་རྣམ་ཐར་དུ་བྱུང་བ་བཞིན་དང༌། དེ་སྔོན་ཙམ་ནས་བླ་བྲང་རྩེ་ཤོད་དབུས་ཕེབས་སྐབས་སྐུ་ཚབ་ཞིག་ལེགས་སྐྱེས་འབུལ་བར་མངགས། ཚེས་དགུའི་ཉིན་སྐྱེད་ལྷ་མེ་འབར་གྱི་མགོན་ཁང་གི་གཡས་གཡོན་རི་ནས་ཤག་མ་ཆེར་ཉིལ་བ་དང༌། དེ་སྔོན་སྣྲོན་དང་གྲོ་བཞིན་ནང་ལའང་ཞལ་གྱི་ཆོ་འཕྲུལ་སྣ་ཚོགས་བྱུང་བ་རྣམས་ཞི་ཕྱིར། རྗེ་རྡོ་རྗེ་འཛིན་ཉིད་ཆིབས་བསྐྱོད་ཀྱིས་སྐྱེད་ལྷས་ལྷོ་རིའི་སྤང་སྟེང་དུ་ལྷ་བསངས། ཕྱག་ནས་བཅས་དང༌། མགོན་ཁང་དུ་གཏོར་བསྔོ་བསྐང་བ་སོ་སོ་ནས་བརྒྱ་ཚར་སོགས་སྤྱི་བྱེའི་བསྟན་པ་ཐུགས་ཀྱི་དཔལ་