R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༨༥
[A:༢༨༥]གཞན་ཡང་ཆོས་བཀའ་འདྲ་འབུལ་རྒྱུ་ཡིན་དགོངས་པ་ཞིག་འཁྲུངས་སོ། །ཟླ་ནང་དེར་འབྲུག་སྡེ་སྲིད་རྙིང་པ་བསོད་ལྷུན་བོད་ལ་བྲོས་ནས་རྒྱལ་རྩེར་མཆིས་དུས། དམ་པའི་རང་བཞིན་འགོག་མེད་ཀྱི་གཟིགས་པས་གནང་ཆ་གྱ་ནོམ་པ་བསྩལ་བས། ཁོང་པ་ཤིན་ཏུ་མགུ་ཞིང་སླད་ནས་ཞབས་ཕྱི་ཡང་དག་ཞུ་རྒྱུའི་ཐ་ཚིག་ཕུལ་ཞིང། འདི་འདྲའི་རིགས་ཀྱི་ཐུགས་བསྐྱེད་གཞན་ཡང་མང་དུ་མཆིས་པའང་འདིས་མཚོན་ནུས་སོ། །ཁྲུམས་ཟླའི་ཚེས་གསུམ་ཐོ་རེངས་ཞལ་དཀར་ངག་དབང་ལགས་རིག་འཛིན་ཕོ་བྲང་ན་ཐུགས་དམ་གནང་མུར། མནལ་དུ་སོང་བའི་རྨི་ལམ་དུ། རྗེ་རྡོ་རྗེ་འཛིན་ཉིད་འགྲུལ་ལ་ཕེབས་ཟེར་རྒྱ་གླིང་གཏང་བྱུང་བའི་མོད་གཟིགས་པས། རྗེ་རྡོ་རྗེ་འཆང་ཉིད་མ་གཟིགས་པར་ཐུགས་སྐྱོ་ལྷང་བྱུང། དེ་མ་ཐག་རྗེ་ཉིད་ཀྱི་གསུང་ལས། བསྟན་མ་ཁྱོད་ནི་མྱ་ངན་མ་བྱེད་ཅིག །ང་ནི་ད་དུང་འབུམ་ཙམ་འཚོ་བར་འགྱུར། །གསུང་བ་གསན་ཅིང། དབྱུག་ཟླའི་བཅུ་བཞིར་ས་ཆེན་ཡབ་སྲས་གཉིས་ཀའི་དུས་ཆེན་དངོས་དང། གཞན་ཡང་ཚེས་མཆོད་བཟུང་བ་སོགས་ཀྱི་དབང་དུ་བྱས་ན། ཆོས་རྗེ་ས་པཎ། རོང་སྟོན་ཐམས་ཅད་མཁྱེན་པ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་དུས་ཆེན་ཉིན། གདན་ས་ཆེན་པོའི་དྲི་གཙང་ཁང་རྣམས་སུ་སྣ་ལྔའི་མཆོད་སྟོང། ལྷ་ཆེན་འདུས་ཚོགས་སུ་བསྙེན་བཀུར་གྱ་ནོམ་པའི་ཐོག་རྒྱལ་བསྟན་རིན་པོ་ཆེ་སྤྱི་བྱེ་བྲག་དར་བརྟན་གྱི་ཐུགས་སྨོན་དང་ཆབས་ཅིག་སྔོན་དུ་མདོ་ས་སྐྱོང་བློ་གྲོས་རྒྱལ་མཚན་ཡབ་སྲས་ལ་ཆོས་སྦྱིན་མི་ཟད་པར་པར་གྱི་འཕྲུལ་འཁོར་བཀས་དབང་