R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༠༦
[A:༣༠༦]བྲག་བཀའ་དྲིན་ཆེ་བ་དང། གཞན་ལ་ཡང་བཀའ་འདོམས་བཅས་ཡང་དག་པར་མཛད་དེ། སྐུ་གསུང་ཐུགས་ཀྱི་ནང་རྟེན་རྣམས་བླ་བྲང་ཤར་དུ་བཞུགས་སུ་གསོལ་བ་དང། རྩེ་གདོང་ཕྱོགས་སུའང་དགེ་རྒྱུན་རྒྱ་ཆེར་འཛུགས་པར་མཛད། དབོ་ཟླའི་བཅུ་གཉིས་ནས་བཟུང་སྟེ་ཡབ་སྲས་ཞལ་རྒྱས་ནས་དེ་མོ་གོང་མ་མཆོག་གི་དགོངས་རྫོགས་སུ་ཀྱཻ་རྡོ་རྗེ་མན་ངག་གི་ལུགས་ཀྱི་དཀྱིལ་འཁོར་དུ་དགུང་ཞག་གཟུང་སྐབས་རྟེན་གྱི་གཙོ་བོར། ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་ཞལ་ཐང་མཁན་པོ་ཞང་གསུམ་ཐོག་པས་བཞེངས་པ་ལ། ས་ཆེན་ཉིད་ཀྱིས་ཕྱག་ནས་མཛད་པ་དེ་ཉིད་སྐབས་ཤིག་དབུས་ཕྱོགས་སུ་འཁྱེར་བ། ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་ཉམས་གསོ་མཛད་དེ་གནས་གསར་བ་རིམ་ཅན་གྱི་ཕྱག་ཏུ་བཞུགས་པ་ཁྱབ་བདག བཀའ་འགྱུར་པ་ཆེན་པོ་གཤེགས་དུས་ས་སྐྱར་བསྔོ་རྟེན་དུ་རབ་བྱུང་བཅུ་གཅིག་ལྕགས་བྱི་ལོར་འཇམ་དབྱངས་བསོད་ནམས་དབང་ཕྱུག་གི་ཕྱག་བབས་དེ་ཉིད་ཞལ་དབྱེ་ཞིང། སྟ་གོན་ལྔ་དང། དངོས་ཆོག་དྲུག་རེ་བཅས་རྒྱས་པར་བསྩལ། གཞན་ཡང་དགེ་འདུན་ལྔ་བཅུ་ཁ་ཡར་གྱིས་ཞག་ལྔའི་རིང་ཀྱཻ་རྡོར་སྒྲུབ་མཆོད་ཀྱི་སྔོན་འགྲོར་གོང་མ་ལྔ་སྟོད་ཤོ་ལོ་ཀ་དང་པོ་ཕྲེང་འཁོར། ཡོངས་རྫོགས་དང་བསྐང་བ་རྒྱས་པ་ལ་སོགས་པ་དགོངས་རྫོགས་མང་དུ་བཀའ་གསང་གིས་གདམས་ནས། ནག་ཟླའི་ནང་སྡེ་དགེ་ས་དབང་བློ་གྲོས་རྒྱལ་མཚན་སོགས་འདས་མ་འོངས་རྒྱལ་རབས་རྣམས་ཀྱིས་དགོངས་རྫོགས་སུ། དངུལ་བྲེ་ཆེན་འགའ་ཞིག་སྦྱོར་འཇགས་བཞིན། ཆོས་སྡེ་ལྷོ་ནས་ཉིན་གཅིག་ལ་དགེ་འདུན་ཞལ་གྲངས་