R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༣༠
[A:༣༣༠]སུ་ཞབས་བཅགས། ཚེ་དབང་། བྱད་གྲོལ། རྗེས་གནང་། རབ་གནས་སོགས་ཀྱི་རེ་བ་བསྐངས་ནས། མངོན་དགའ་གནས་གཟིགས་རབ་གནས། རྐྱང་འདུར་བདེ་བ་ཅན་དུ། ཀྱཻའི་རྒྱུད་དབང་ཆ་བཞི། ཁྲོམ་དབང་སོགས་དང་། ལྷས་ལྡིང་དུ་སྦྱིན་སྲེག་ཁྲོམ་དབང་སོགས་བསྩལ་ནས། པ་ནམ་རྫོང་བརྒྱུད། དགའ་གདོང་དགོན་དུ་བཞུགས་ཏེ་གནས་གཟིགས་ཁྲོམ་དབང་སོགས་གནང་། དེ་ནས་ཡུལ་ལྷ་བ་པད་ཚལ་རྣམས་སུ་རབ་གནས། བྱད་གྲོལ་སོགས་མང་དུ་གནང་ནས་ཞྭ་ལུར་བྱོན། གླིང་བསྐོར་ལ་མེ་ཆར་ཉིལ་བ། ཚོགས་ཡོངས་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད་རྗེས་གནང་ཁག ལྗགས་ལུང་ཕོན་ཆེན་རྣམས་གནས་གཟིགས་སོགས་དོན་ཡོད་མཛད་སྒོ་ཟིན་ནས། རི་སྦུག་བརྒྱུད། ལ་རྩེར་ལྷ་བསངས། ཨེ་ཝཾ་དུ་བདུན་གཅིག་བཞུགས་རིང་། གསང་བའི་མགོན་ཁང་དུ་བསྐང་འཕྲིན། ཚོགས་ཡོངས་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད། ཚེ་སྨན་གནས་གསུམ་གྱི་རྗེས་གནང་། ལྗགས་ལུང་མང་བ། ཁྲོམ་དབང་རྣམས་དང་། ཐར་རྩེད་རབ་གནས་བླ་མཆོད། བླ་ཁག་གཞན་དུ། ཚེ་དབང་དང་རྗེས་དབང་ཁ་ཤས་གནས་དེའི་མཛད་སྒོ་རྣམས་གྲུབ་ནས། སྲད་རྒོད་དུ་བཞུགས་ཞག་ཐོག་ཀླུ་ལྡིང་སྐུ་གཤེགས་ཀྱི་དགོངས་རྫོགས་མཁའ་སྤྱོད་མའི་སྒྲུབ་མཆོད་མཛད་པ་ནས་བཟུང་ཞེ་དགུ་ནམ་རྫོགས་བར་མཛད། དེ་ནས་ཤབ་དགེ་སྡིང་དུ་ཁྲོམ་དབང་། ཌ་ཌི་བཅས་པར་ལྷ་བསངས་རབ་གནས། དམིགས་སུ་སྦྱིན་སྲེག་རབ་གནས། ལྕམ་མོ་གྲྭ་ཚང་པར་ལྷ་བསངས། ཚེ་དབང་། བྱད་གྲོལ། གནས་ཁང་ལ་ཕྱག་