R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༤༤
[A:༣༤༤]བཅས་འདི་དང་འདི་ལྟ་བུ་ཡིན་ནོ། །ཞེས་འདོམས་པ་དང་མཉམ་དུ་བསྩལ་བར་མཛད་པའང་དེ་སྐབས་ཀྱི་སྐྱེ་བོ་ཀུན་ལ་ཡོངས་སུ་གྲགས་པ་ལྟར་དང་། བསྟན་འཛིན་གྱི་སློབ་བུ་ཇི་ལྟར་བསྐྲུན་པའི་ཚུལ་ཡང་། གོང་དུ་གསུང་ངག་སློབ་བཤད་གནང་སྐབས། རྒྱལ་བའི་ལུང་བསྟན་ངོར་ཆེན་རྡོ་རྗེ་འཆང་གི་ཞལ་མངོན་སུམ་དུ་བསྟན་ཏེ། ཀ་བཞི་གདུང་བརྒྱད་ལྟ་བུའི་བསྟན་འཛིན་གྱི་སློབ་བུ་བྱུང་གསུངས་པ་ལ། རྣམ་ཐར་ཆེན་མོ་དང་། ཉི་འོད་ཀྱི་ཞལ་སློབ་མཁས་གྲུབ་སྔ་ཕྱི་མང་དུ་བྱོན་པ་རྣམས་ཀྱིས་ངོས་འཛིན་གསལ་བར་མཛད་པ་མ་མཐོང་མོད། འོན་ཀྱང་དེ་དུས་གསུང་ངག་ཚོགས་སློབ་སོགས་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱི་བསྟན་འཛིན་གྱི་སློབ་བུ་སོ་སོས་དགོན་སྡེ་གང་དུ་དར་རྒྱས་སྤེལ་ཚུལ་རྣམས་ལ་དཔག་པས་རྟོགས་ནུས་པ་བཞིན་ཅུང་ཟད་བྲིས་ན། དེ་ཡང་གདན་ས་ཆེན་པོ་འདི་ཉིད་དུ་ནི་གང་གི་རིགས་སྲས་འཇམ་མགོན་དབང་གི་མཚན་འཆང་སྐུ་མཆེད་ཀྱིས་ནི་སྙིགས་དུས་ཀྱི་སྐྱེ་བོ་དམ་ཚིག་བསྲུང་མི་ནུས་པ་ལ་དགོངས་པས། བདེ་ཀྱཻ་ཕུར་པ་སོགས་ཡབ་ཆོས་འགའ་ཞིག་ལས་གསུང་ངག་སོགས་ཀྱི་འཆད་སྤེལ་ཆེར་མ་མཛད་ཅིང་། དེས་ན་ཡབ་སྲས་རྣམ་གསུམ་སྤངས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཆེར་མ་མཆིས་སྟབས་ཟུར་དུ་མ་བགྲང་བར། ཞལ་སློབ་ཀ་བ་དང་པོ་ནི། བདག་ཉིིད་ཆེན་པོ་ཉིད་ཀྱི་སྐུ་ཚ་རིགས་སྨུག་རྗེ་བཙུན་འཆི་མེད་བསྟན་པའིིི་ཉི་མར་གྲགས་པ་ངེས་པ་ལྔ་ལྡན་གྱི་གཙོ་མོ་དང་དབྱེར་མ་མཆིས་པ་དེ་ཉིད་ཡིན་ཏེ། རྒྱུ་མཚན་དེ་ཉིད་ལས་ཕྱིས་ས་སྐྱ་པ་པད་མ་བདུད་བདུལ་དབང་ཕྱུག་སྐུ་མཆེད་