R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༤༦
[A:༣༤༦]ཡང་མཁས་གྲུབ་དགེ་འདུན་རྒྱ་མཚོ་ཀུན་དགའ་དཔལ་ལྡན་ཕན་ཁང་མཁན་ཆེན་ཀུན་དགའ་བསྟན་པའི་བློ་གྲོས་རྡོ་རྗེ། གཙོ་མོ་དྷཀི་སྐལ་བཟང་ཆོས་ཀྱི་ཉི་མ་ལས་ཁོ་བོ་ས་སྐྱ་པ་ངག་དབང་དྲག་ཤུལ་འཕྲིན་ལས་རིན་ཆེན་གྱིས་ནོས་པ་དང་། གཞན་ཡང་བརྒྱུད་པ་འདི་ཉིད་ལས་མདོ་སྨད་སྡེ་དགེ་ངོས་སུ་ཡང་རྒྱ་ཆེར་འཕེལ་ཚུལ་ནི། གནས་གསར་མཆོག་སྤྲུལ་ལས། སྡེ་དགེ་གྲུབ་དབང་ངག་དབང་རིན་ཆེན་གྱིས་གསན། དེ་ལས་དཔལ་ལྡན་འཕྲིན་ལས། དེ་ལས་ཀུན་དགའ་དཔལ་གྱིས་གསན། ཡང་ས་ཆེན་ཀུན་བློས་དངོས་སློབ་སྡེ་དགེ་གྲྭ་རྒང་བླ་མ་ཀུན་དགའ་བློ་ལྡན། དེ་ལས་ངག་དབང་རིན་ཆེན། དེ་ལས་ས་དབང་བླ་མས་གསན་ཀྱང་སྐབས་འདིར་གཙོ་བོར་མི་མཛད། སྡེ་དགེ་ས་སྐྱོང་བླ་མ་ནས་ངོར་ཐར་རྩེ་ཁུ་དབོན་སོགས་ལའང་གསན་ཅིང་ལྷག་པར་གནས་གསར་མཆོག་སྤྲུལ་ནམ་མཁའ་ལེགས་པ་ཉིད་རྩ་བའི་བླ་མའི་མཆོག་ཏུ་འཛིན་པར་མཛད། དེ་ཉིད་ཀྱིས་མཛད་པའི་སྙན་བརྒྱུད་གསེར་ཆོས་སྐོར་གསུམ་གྱི་སྦྱང་བྱང་སོགས་སུའང་། གནས་གསར་རྡོ་རྗེ་འཆང་གི་བྱིན་རླབས་སྙིང་ལ་ཞུགས་པ་ལྷ་བཙུན་ཨནྟ་ནས་སོ། །ཞེས་པ་ཁོ་ན་བྱུང་བས་སོ། །ཞལ་སློབ་ཀ་བ་བཞི་པ་ནི་འཕན་ཡུལ་ཆོས་རྗེ་བཅོ་བརྒྱད་པར་གྲགས་པ། རྩེ་གདོང་སྤྲུལ་སྐུ་རིག་འཛིན་ཕྱོགས་ལས་རྣམ་རྒྱལ་ལམ། དགེ་འདུན་བཀྲ་ཤིས་དཔལ་འབྱོར་དུ་ཡང་གྲགས་པ་ཡིན་པར་མངོན་ཏེ་འདི་ཉིད་ཀྱིས། ས་ཆེན་ཀུན་བློའི་དྲུང་དུ་གསུང་ངག་སློབ་བཤད་ཀྱིས་མཚོན་ཟབ་ཆོས་རྒྱ་ཆེར་གསན་སྒོམ་མཐར་ཕྱིན་པ་མཛད་དེ། འཕན་ཡུལ་ནཱ་ལེནྡྲ་འམ་དཔལ་རྒྱུན་