R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༤༧
[A:༣༤༧]གྱི་དབང་པོའི་ཆོས་གྲྭར་གསུང་ངག་སློབ་བཤད། རྣལ་འབྱོར་མ་སོགས་ཆོས་འཁོར་རྒྱ་ཆེར་བསྐོར་བ་ལས། གཟིམ་འོག་བསྟན་འཛིན་འཕྲིན་ལས་ཡོན་ཏན། གཟིམ་འོག་སྤྲུལ་སྐུ་བྱིས་པ་བསྟན་འཛིན་སྙན་གྲགས་སོགས་མཁས་གྲུབ་རིམ་བྱོན་གྱིས་གསང་ཆེན་སློབ་བཤད་ཀྱི་བཞེད་གཞུང་སེངྒེའི་སྒྲ་དབྱངས་ཆེར་བསྒྲགས་པས། དེང་སང་གི་བར་དུ་ཡང་དགོན་དེར་དར་རྒྱས་བཞུགས་པ་ལས་ཤེས་སོ། །དེ་རྗེས་གདུང་མ་ལྟ་བུའི་བསྟན་པའི་ཁུར་བཟོད་པའི་ཞལ་སློབ་བརྒྱད་བགྲང་དགོས་པ་ནི། གོང་གི་ཀ་བ་དང་པོ་རྗེ་བཙུན་འཆི་མེད་བསྟན་པའི་ཉི་མའམ་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་བྱམས་པ་དཔོན་སློབ་ཀུན་བཀྲས་གང་རུང་གི་གཅིག་ཀ་བར་ངེས་ན། ཅིག་ཤོས་གདུང་མར་ངེས་ཤིང་། དེ་གྲས་གཉིས་པ་ལྷ་ཆེན་མཁན་པོ་ཆོས་བཀྲ་ཤིས། དེ་ནས་རིམ་བཞིན། གདན་སའི་ཟུར་བ་འཆད་པ་རྒྱབ་འཆང་བ་རིན་ཆེན་རྒྱལ་མཚན། གྲངས་ཆེན་མཁན་པོ་ཞལ་དཀར་བ་ངག་དབང་ཤེས་རབ། ལྕེ་རིགས་གཟིམ་འོག་སྤྲུལ་སྐུ་བསྟན་འཛིན་འཕྲིན་ལས། རི་ཁུད་སྤྲུལ་སྐུ་ཀུན་དགའ་མཁས་གྲུབ་དབང་པོ། ངོར་ཁང་གསར་མཁན་པོ། སྡེ་དགེ་གྲ་སྒང་མཁས་གྲུབ་ཀུན་དགའ་བློ་ལྡན་རྣམས་ཡིན་པར་སེམས་ཏེ། འདི་དག་དབང་ཁྲིད་ལུང་སོགས་མང་པོའི་བརྒྱུད་པར་སྣང་བས་སོ། །དེས་ན་སྔོན་དུས་ལྷོ་བྲག་མར་པ་ལོ་ཙཱ་སོགས་ལ་ལུང་བསྟན་པ་བཞིན་སློབ་མ་ཀ་ཆེན་བཞི་སོགས་ཀྱིི་ཐ་སྙད་བྱུང་བ་བཞིན་དེ་རང་འདྲ་བ་ཤིན་ཏུ་ངོ་མཚར་གྱི་གནས་དང་གཞན་ཡང་རིག་གྲོལ་གཉིས་ལྡན་གྱི་ཡོན་ཏན་ལ་དབང་འབྱོར་པ། ཨ་ལི་ཆོས་རྗེ་