R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༤༨
[A:༣༤༨]སྤྲུལ་སྐུ་ངག་དབང་ཆོས་གྲགས། རི་ཁུད་སྤྲུལ་སྐུ་བསོད་ནམས་དབང་ཕྱུག་སྐྱོ་མདའ་བླ་མ་འཇམ་དབྱངས་ཀུན་དགའ་བསྟན་འཛིན། སྡེ་དགེ་སྨད་ཤོད་བླ་མ་ཡོན་ཏན་རྒྱ་མཚོ། ཐུབ་བསྟན་མཁན་པོ་བསྟན་འཛིན་རྒྱལ་མཚན། ཆོས་ལྷུན་མཁན་པོ་བཀྲ་ཤིས་ཡར་འཕེལ། སྡེ་དགེ་བླ་མ་སངས་རྒྱས་བཟང་པོ། བསོད་ནམས་རྒྱལ་མཚན། སངས་རྒྱས་དབང་ཕྱུག སྡེ་དགེ་ཆོག་དཔོན་ཀུན་དགའ་འཕྲིན་ལས་སོགས་ཕྱོགས་ཐ་དད་དུ་བཞུགས་པ་མཚན་ནས་སྨོས་ཀྱིས་མི་ལང་བ་དང་། གདན་ས་འདི་ཉིད་ཀྱི་ཆོས་སྡེ་ཉི་ཟླ་ཟུང་འབྲེལ་མཁན་པོ་བླ་མ་ལས་སྣེ་དང་། ངོར་ཨེ་ཝཾ་གྱིི་མཁན་ཞབས་ཕལ་ཆེར་གཞན་ཡང་དབུས་གཙང་གི་ས་དགོན་ཕལ་ཆེ་བའི་མཁན་པོ་གྲྭ་མང་སོགས་མང་དུ་ཡོད་པ་བཅས། མདོར་ན་དེ་དུས་སུ་ཡུལ་དུས་བསྐལ་བར་མ་གྱུར་ན་མ་གཏོགས་དུས་མཚུངས་རིས་མེད་མཁས་གྲུབ་ཕལ་ཆེར་གྱིས་ཞབས་ལ་མ་གཏུག་པ་མེད་པར་ཡོངས་སུ་གྲགས་ཤིང་། གཞན་ཡང་རྣམ་ཐར་བསྡུས་པ་ལས། སྔགས་འཆང་ཆོས་རྗེ་ཨ་མེས་ཞབས་སོགས་ཀྱི། ། མཛད་བཟང་རྗེས་སུ་སློབ་པའི་ཐུགས་བསྐྱེད་ལྟར། །ཚོགས་ཕེབས་གདུང་རིགས་སྤེལ་དང་དེ་བསྒྲིགས་སོོགས། །ངོར་མཚར་ཕྱག་རྗེ་ཁྲིད་མཐར་གསལ་ལ་འདུད། །ཅེས་གསུངས་པ་ལྟར། ཚོགས་ཕེབས་གདུང་སྤེལ་སོགས་ཀྱི་མཛད་པ་རྣམས། གོང་ལོ་ཁམས་སོ་སོའི་རྣམ་ཐར་རྣམས་ཀྱི་ནང་དུ་སྨོས་པ་བཞིན་དང་། བྱེ་བྲག་རྗེ་རྡོ་རྗེ་འཆང་ཉིད་ཀྱི་རྗེ་བཙུན་ས་སྐྱ་པའི་སྡེ་བསྟན་པ་གདུང་རྒྱུད་དང་བཅས་པའིི་འཐས་སུ། སྤྲུལ་པའི་ལྷ་ཁང་ཆེན་མོ་གཅིག་པུར་ཡང་ཤར་ནུབ་