R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༦༧
[A:༣༦༧]དམ་རྒྱལ་བའིི་ཡེ་ཤེས་ལས་གཞན་གང་། །དེས་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །བརྩེ་ཆེན་ཁྱེད་ལས་སྐྱབས་གཞན་མ་མཆིས་པས། །བདག་ཅག་འཁོར་བཅས་དུས་འདིར་ཚེ་མཐར་ཕྱིན། །རིགས་རྒྱུད་དྲི་མེད་རྒྱུན་ཆད་མེད་བྱོན་ནས། །ས་སྐྱ་པ་ཡི་ཆོས་སྲིད་དགེ་མཚན་རྣམས། །འཕྲལ་དང་ཡུན་དུ་རྒྱས་པའི་དགེ་ལེགས་སྩོལ། །ཞེས་ཀྱང་སྨྲས་སོ།། ༢ དབང་སྡུད་སྙིང་པོ། དེ་ལྟར་ས་ཆེན་རྡོ་རྗེ་འཆང་ཀུན་དགའ་བློ་གྲོས་དེ་ཉིད་ཀྱི་རྒྱལ་བསྟན་སྤྱི་བྱེའི་ཕན་བདེའི་གཞི་རྩ་སྐབས་དེར་གདུང་རྒྱུད་སྐུ་རྐྱང་ལ་ཐུག་པར་གོང་སྨོས་བཞིན་གངས་ལྗོངས་སྐྱེས་ཆེན་ཆེ་ཕྲ་དུ་མས་གསོལ་བཏབ་ངོར། བདག་མོ་ཆོས་ལུང་མ་བགྲེས་གཞོན་གཉིས་བཞེས་པ་ལས་བགྲེས་བར་རྗེ་བཙུན་ཚེ་འཛིན་དཔལ་རྒྱས་བུ་ཁྲིད་དམ་རབ་ཏུ་བྱུང་བའི་མཚན་ཚུལ་ཁྲིམས་དཔལ་རྒྱས་དབང་མོར་གྲགས་པ་དེ་ཉིད་ཡུམ་བཅས་གཞོན་ནུ་ལ་གཤེགས་ཤིང་། བདག་མོ་ཆུང་ལུང་མ་སྐལ་བཟང་བདེ་སྐྱོང་བུ་ཁྲིད་ལས། གདུང་སྐུ་མཆེད་གཉིས་འཁྲུངས་པ་ལས། གཅེང་པོ་བདག་ཆེན་དཔལ་ལྡན་ཆོས་སྐྱོང་ངམ་དབང་སྡུད་སྙིང་པོ་ཞེས་མཚན་སྙན་སྲིད་མཐར་ཁྱབ་པ་དེ་ཉིད་ནི། ངེས་དོན་དུ་སློབ་དཔོན་རིན་པོ་ཆེ་པད་མ་འབྱུང་གནས་དང་ཐུགས་རྒྱུད་གཅིག་པ་ཡིན་ཚུལ་རྒྱལ་དབང་པད་མ་ཀ་ར་ཉིད་ཀྱི་ཞལ་གཟིགས་ཀྱང་ལན་གཉིས་ཙམ་བྱུང་བ་གཅིག་ད་ལྟ་ལྷ་ཆེན་སྤྲུལ་པའི་གཙུག་ལག་ཁང་གི་སློབ་དཔོན་ཨ་སུ་