[A:༣༡]གི་རིགས་སྲས་དམ་པ་སྐུ་མཆེད་ཟུང་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི་ལེགས་ཚོགས་ཀྱིས་མཚོན། བདག་གཞན་གྱི་དུས་གསུམ་དུ་བསགས་པའི་དགེ་རྩ་རྣམས་ཆབ་མི་འཚལ་བའི་ཕྱིར་ཡོངས་བསྔོའི་རྒྱས་བཏབ་རྗེས་ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཀྱི་མདུན་དུ་བཞེངས་ནས། རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་སོགས་ཀྱི་མངའ་འབུལ་སྨིན་རྒྱས་དཔོན་སློབ་ལྷན་རྒྱས་ནས་གནང་བའི་ཤིས་བརྗོད་བན་ཚང་དབུ་བྱེད་ཆེ་བས་བྱང་དྲངས། ཚོགས་པ་བྱིངས་བཅས་ནས་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་གསུང་གདངས་ཀྱིས་བརྒྱན་པར་མཛད། འཇམ་མགོན་སྐུ་མཆེད་གང་གི་རྒྱལ་ཚབ་ཏུ་མངའ་གསོལ་ལེགས་བྱས་ཀྱི་རྟེན་འབྲེལ་དགེ་བས་མཚོན། འཛམ་གླིང་ན་འགྲན་ཟླ་དང་བྲལ་བར་མཁས་གྲུབ་གཟུར་གནས་དུ་མས་བསྔགས་པའི་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་སྲིད་མཐའི་བར་དུ་བྱོན་ནས་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་གྱི་རྟེན་འབྲེལ་འབད་མེད་ལྷུན་གྱིས་གྲུབ་པའི་དགེ་མཚན་སྲིད་ན་གསལ་བ་ནི། ནམ་མཁའི་ཁམས་ཤིན་ཏུ་དྭངས་ཤིང༌། ཉི་འོད་གསལ་བ། འཇའ་དང་འོད་ཀྱི་གུར་ཁང་འཁྱིལ་བ། དཀར་ཕྱོགས་ལྷ་རྣམས་མེ་ཏོག་གི་ཆར་སྙིལ་ཞིང་དེར་འདུས་ཀྱི་སྐྱེ་དགུ་མཐའ་དག་དགའ་མགུ་ཡི་རང་གི་དད་པའི་ཐལ་སྦྱར་དང་ཆབས་ཅིག་གནས་ཚུལ་དེ་ལྟར་འབྱུང་འགྱུར་གྱི་སྨོན་ལམ་འདེབས་པ་དང༌། སྐྱབས་མགོན་རྡོ་རྗེ་འཆང་ཡབ་སྲས་རྣམ་གསུམ་གྱི་ངོ་མཚར་མཛད་པའི་གླེང་མོ་སྒྲོག་པ་ལ་གཅིག་ཏུ་གཞོལ་པར་གྱུར་ཅིང༌། དེའི་སང་ཉིན་གེགས་མེད་དོན་ལྡན་གྱི་