R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༣
[A:༣༣]ཆོས་འཕེལ་རིན་ཆེན་བཟང་པོ་སྟེ། །གོང་དཀར་རྣམ་ལྔ་རིན་ཆེན་མི་འགྱུར་ཞབས། །འགྲོ་མགོན་མཐུ་དབང་དེ་སྲས་རིག་འཛིན་མཚན། །མཁན་ཆེན་དབང་ཕུན་མཁན་ཆེན་ཀུན་དགའ་ཟླ། །སེངྒེ་རྒྱལ་མཚན་ཤ་རི་མངའ་བདག་ཆེ། །རྒྱལ་དབང་སྐལ་བཟང་རྗེ་དང་མཆོག་སྤྲུལ་ཞབས། །དཔལ་ལྡན་ནོ་མིན་ཧན་དང་འོན་རྒྱལ་སྲས། །ལོ་ནས་སེམས་དཔའ་ཆེན་པོ་སྨིན་གྲོལ་གླིང༌། །ཁྲི་ཆེན་རིན་ཆེན་རྣམ་རྒྱལ་སྲས་མཆོག་བཅས། །འབྲི་ཁུང་རྗེ་དང་བསམ་སྡིང་ཡང་ཟབ་རྗེ། །དངོས་གྲུབ་སྡིང་དང་ཀུན་དགའ་དོན་གསལ་སོགས། །གུས་པས་བསྟེན་ནས་རིས་མེད་ཆོས་རྒྱུན་ཞུས། །ཉམས་ལེན་མེད་ཀྱང་དབང་ལུང་མན་ངག་ཁྲིད། །གཞོན་དུས་བརྩོན་ཁུལ་སློབ་མ་བསྟན་འཕེལ་དང༌། །བཏང་སྙོམས་དམ་ཉམས་བསགས་པ་གྲངས་མེད་ཡོད། །ཅེས་གསུངས་པ་ལྟར་ཡབ་རྗེ་རྡོ་རྗེ་འཆང་བསོད་ནམས་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། གྲུབ་ཆེན་ཛཱེ་ཏ་རིའི་ལུགས་ས་སྐྱ་པའི་ཡབ་ཆོས་ཚེ་དཔག་ལྷ་དགུའི་དབང་དང། སྔགས་འཆང་ཆེན་པོ་ཡན་ཆད་སྙན་བརྒྱུད་ཁོ་ནར་བཞུགས་པ་ལ་སྔགས་འཆང་ཉིད་ཀྱི་གྲུབ་རྒྱལ་གླིང་པ་པད་རྒྱལ་གྱི་དོན་དུ་ཡི་གེར་འགོད་གནང་བའི་ཚེ་སྒྲུབ་ཀྱི་གདམས་པའི་སྒོམ་ལུང་བཅས་གསན། ཨ་མེས་ཞབས་ཀྱིས་མཛད་པའི་གདོན་སྒྲོལ་གྱི་ཆོ་ག་ཕུན་ཚོགས་བསམ་འཕེལ་ཕྱག་བཞེས་ཀྱིས་བརྒྱན་པའི་ལུང༌། འཕགས་པ་རིན་པོ་ཆེས་མཛད་པའི་རི་ཁྲོད་མའི་བྱབས་ཁྲུས་ལུང་བཅས། ནར་པཎ་ཡིག་སྟེང་ནས་ཇོ་ལུགས་སྨེ་བརྩེགས་ལྗང་ནག་གི་རྗེས་གནང༌། ངག་ཆོས་