[A:༣༤]ཡིག་སྟེང་ནས། ས་ལུགས་སྨེ་བརྩིགས་དུད་ཁའི་རྗེས་གནང༌། ས་ལོའི་ཡིག་སྟེང་ནས་འཇམ་དབྱངས་དམར་སེར་གྱི་རྗེས་གནང༌། གུ་གེ་པཎ་ཆེན་སོགས་ཀྱི་ཡིག་རྙིང་སྟེང་ནས་གསེར་ཆོས་འཇམ་དཔལ་ནག་པོའི་རྗེས་གནང༌། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་བ་རི་བརྒྱ་རྩའི་སྒྲུབ་ཐབས་རྒྱུད་སྡེ་གོང་འོག་སྣ་ཚོགས་ཀྱི་རྗེས་གནང་བདུན་ཅུ་དོན་བརྒྱད། ངོར་ཆེན་དཀོན་ལྷུན་གྱི་ཐོ་ཡིག་མུན་སེལ་སྒྲོན་མའི་ལུང་བཅས་གསན།
བླ་མེད་ཀྱི་སྐོར་ལ་ཐབས་རྒྱུད་ལ་གསང་འདུས་འཕགས་ལུགས་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྨིན་དབང་གི་ཐོག་མ་སྔགས་འཆང་ཐམས་ཅད་མཁྱེན་པ་ཀུན་དགའ་བསོད་ནམས་ཀྱི་མངོན་དཀྱིལ་དང༌། སྔགས་འཆང་ཆེན་པོའི་དབང་གི་མཚམས་སྦྱོར་བཅས་ཀྱི་སྟེང་ནས་བཀའ་བབས་བདུན་ལྡན་གྱི་དབང༌། ཤེས་རབ་ཀྱི་རྒྱུད་ལ། གྲུབ་མཆོག་སློབ་དཔོན་ནག་པོའི་ཟབ་དོན་སྦྱངས་གཞི་མངལ་སྐྱེས་ལྟར་བཀྲལ་བའི་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ། སྔགས་འཆང་ཀུན་བསོད་ཀྱི་སྒྲུབ་དཀྱིལ་དང༌། སྔགས་འཆང་ཆེན་པོའི་དབང་གི་མཚམས་སྦྱོར་བཅས་ཀྱི་སྟེང་ནས་གསན། སྔགས་འཆང་ཡིག་སྟེང་ནས་ཚེ་དབང་གྲུབ་རྒྱལ་མ་རྒྱུད་སྲོལ་མང་འདུས་གསན།
གཉིས་མེད་རྒྱུད་ལ། དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་ལྷ་གསུམ་གྱི་ནང་ཚན་ཀླུ་གདོན་འཇོམས་པར་བྱེད་པ་རྗེ་སྒོ་རུམ་པའི་ཡིག་སྟེང་ནས་མཁའ་ལྡིང་རྡོ་རྗེ་ཁྱུང་ཁྲའི་རྗེས་གནང༌། ངག་ཆོས་ཡིག་སྟེང་ནས་ཁྱུང་ནག་