R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༤༣
[A:༤༤༣]གཟིགས་ཏེ། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་བསྐུལ་བ་དང་། རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་ལོ་དེའི་སྣྲོན་ཟླ་ཕྱི་མའི་ཚེས་གཉིས་ཀྱི་ཉི་དྲོའི་ཁར་ངོ་མཚར་བའི་ལྟས་དུ་མ་དང་བཅས་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་པར་བརྟེན། རིགས་སྲས་འཇམ་མགོན་སྐུ་མཆེད་ཟུང་། རྗེ་བཙུན་བདག་མོ་སོགས་དང་། མཛོད་པ་སོགས་ཞབས་འབྲིང་པ་རྣམས་དང་བཅས་པ་ཐུགས་ངལ་བཟོད་གླགས་མེད་པ་འཇིག་རྟེན་པའི་གཏམ་དཔེར། བྱི་ཕྲུག་ཐང་སྐྱུར་རི་མ་སྤང་ནས་བུ་དོར་གྱི་ངང་ཚུལ་ལ་ཅི་མཛད་རོལ་མེད་དུ་གྱུར་པའི་ཚུལ་རྣམས་ཡབ་རྗེ་གང་གི་གསོལ་འདེབས་ཕྱོགས་རྒྱལ་མའི་སྦྱར་བྱང་ལས། སྙིགས་མ་བས་ཀྱང་ཆེས་སྙིགས་མ་རྟགས་ཙམ་འཛིན་པ་ལ་ཉེ་བའི་དུས་འདིར་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་རྗེ་བཙུན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་ལ་བཟློག་ཏུ་མེད་པའི་སྐུ་གེགས་དང་། ཁྱད་པར་བདག་ས་སྐྱ་བདག་པོའི་གཟུགས་བརྙན་དབང་གི་མིང་ཅན་དང་། བདག་གི་ནུ་བོ་ཨེ་ཝཾ་བཟང་པོ། ཨ་ཎི་ཀུན་དགའ་བསོད་ནམས་བསྟན་པའི་ཉི་མ་དང་ཀུན་སྐྱིད་ཆོས་སྐལ་བཟང་མོ། ཨ་ལྕེ་འཆི་མེད་བསྟན་པའི་ཉི་མ། ལྕམ་འཆི་མེད་དཔལ་འབྱོར་བཟང་མོ་ལྟོས་པར་བཅས་པའི་བསོད་ནམས་ཀྱི་ཉི་མ་དགུང་དུ་ནུབ་པའི་དུས་དང་། ཁྱད་པར་སྐལ་དམན་དབང་གི་མིང་ཅན་བདག་གིས་བསྐལ་པ་དཔག་ཏུ་མེད་པ་ནས་བསགས་པའི་ལས་ངན་གྱི་འབྲས་བུ་ཐོག་ཏུ་སྨིན་པའི་དུས་འདིར་ཁོ་བོའི་ལུས་ཀྱི་སྲོག་ཆད་པ་དང་། གདོང་གི་མིག་ལྡོང་བ། པང་