R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༦༩
[A:༤༦༩]གཟིགས་ཀྱི་རིན་ཆེན་གཉིས་པ་ལས་གྲུབ་པའི་འཕགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྣང་བརྙན་དང་། དེ་ནུབ་ཀྱི་དངུལ་གྲུབ་རྣམ་རྒྱལ་མཆོད་རྟེན་བཅས་གསེར་སོགས་རིན་ཆེན་དུ་མའི་ཕྲ་ཚོམ་གྱིས་ཕྱུག་པ་འདི་ཟུང་གསར་བཞེངས་མཛད་དེ་རབ་ཏུ་གནས་པ་སོགས་བདག་ཆེན་དཔལ་ལྡན་ཆོས་སྐྱོང་ཉིད་ཆོག་གྲ་དང་བཅས་རྒྱས་པར་མཛད་ནས། ཕྱི་སྐོར་ལ་མེ་ཏོག་འཐོར་བ་གོས་སྐུ་ཞལ་ཕྱེ་སོགས་སྔོན་གྱི་ཕྱག་སྲོལ་བཞིན་རབ་སྟོན་རྒྱས་པར་མཛད་དམ་སྙམ་ཞིང་། དེ་ཙམ་ནས་གདན་ས་འདི་ཉིད་ཀྱི་ཚོ་འཛིན་གྱི་གཙོ་བོ་མཁན་ཕྱག་གཉེར་གསུམ་དུ་གྲགས་པའི་ནང་ཚན་ཕྱག་མཛོད་གྲྭ་ཚང་པ་ནས། སྔོན་དུས་བདག་ཉིད་ཆེན་པོ་བཟང་པོ་དཔལ་ལ་གོང་མའི་ལུང་གིས་གདུང་རབས་སྤེལ་བར་བཀོད་པ་ན། དེ་སྐབས་གདན་ས་འདི་ཉིད་ཀྱི་དཔོན་ཆེན་ཨཀ་གླན་སོགས་ཀྱིས་ཞུས་ངོར་བཙུན་མོ་དྲུག་ཙམ་ཁབ་བཞེས་མཛད་པ་ལྟར་སླར་ཡང་ཁབ་བཞེས་ནན་དུ་གསོལ་བ་བཏབ་ཚུལ་རྣམ་ཐར་རྩ་ཚིག་ལས། དེར་བརྟེན་མཛོད་པ་ཀུན་དགའ་ཕུན་ཚོགས་ནས། །ཀྱེ་མ་འགྲོ་ཀུན་བསོད་ནམས་དམན་པའི་མཐུས། །ད་ནི་ས་སྐྱའི་གདུང་རབས་མ་བྱོན་ཁར། །སྐུ་ཞབས་སྐུ་ནི་ཉག་གཅིག་འདི་ལ་ཐུག །ད་ནི་བདག་གིས་གསོལ་བ་བཏབ་པ་ལ། །ཐུགས་རྗེས་དགོངས་ཏེ་གསན་བཞེས་མཛོད་ཞུ་བར། །ད་དུང་ལྷ་ལྕམ་གཅིག་ནི་མ་བཞེས་ན། །ས་སྐྱའི་གདུང་རབས་ཆད་པར་གདོན་མི་ཟ། །ཞེས་པའི་ཞུ་བ་ནན་གྱིས་ཕུལ་ལན་དུ། །ས་སྐྱའི་གདུང་ནི་གཞན་དང་མི་འདྲ་བས། །ཡོང་སྙིང་འདོད་ན་གཅིག་ལའང་མང་དུ་བྱོན། །མེད་