R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༨༠
[A:༤༨༠]སྔོན་དུས་ཆུ་མིག་བླ་བྲང་ཞེས་ཆུ་བོ་གངྒ་ཚུན་ཆད་ལ་འགྲན་ཟླ་དང་བྲལ་བའི་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་གཟིམ་སྤྱིལ་དང་། དེ་རྗེས་སྔགས་འཆང་ཆེན་པོ་དང་། འཇམ་མགོན་ཨ་མེས་ཞབས་རྣམས་ཀྱི་སྐུ་དུས་ཉམས་གསོ་རིམ་པར་མཛད་ཀྱང་གོག་ཟོམས་ལ་ཉམས་གསོ་གསར་བཞེངས་ལྟ་བུ་མཛད་པའི་སྟེང་ཐོག་བར་གསུམ་གྱི་བླ་མ་ལྷ་ཁང་དུ་སྔོན་སྔགས་འཆང་ཆེན་པོའི་སྐུ་དུས་བཞེངས་པར་མཛད་པའི། བླ་མ་ས་ཆེན་ཡབ་སྲས་གསུམ་ས་ལོ་ཆེན་པོ་རྣམས་ལ་དཔལ་འཁོར་ལོ་བདེ་མཆོག་གི་དབང་དང་ལམ་གྱི་བླ་མ་བརྒྱུད་པའི་ཞལ་སྐོང་གང་དགོས་ཉིད་ཀྱི་དབུ་བླ་རྣམས་དང་། འཇམ་མགོན་དབང་གི་མཚན་ཅན་ཡུམ་སྲས་རྣམས་དང་བཅས་སྦྱིན་བདག་གི་ཚུལ་དུ་བཞུགས་པ་མཐོང་བ་ཙམ་གྱིས་ཡིད་འཕྲོག་པ་འདི་རྣམས་དང་། བར་ཐོག་དུ་ཡི་དམ་ལྷ་ཁང་དུ་རྟེན་གཙོ་དབུས་སུ་དཔལ་བདེ་མཆོག་མི་ཚད་ཆེ་ཙམ་ལ། སྙིང་པོའི་རྣལ་འབྱོར་མ་བཞི་དང་། ཐུགས་གསུང་སྐུའི་ལྷ་ཚོགས། སྒོ་མཚམས་མ་བརྒྱད་བཅས་ཀྱིས་བསྐོར་བ། དེ་འོག་མགོན་ཁང་སྟེང་བསྟར་ལ་གུར་མགོན་གྱི་བླ་བརྒྱུད་དང་། སྔོན་དུས་ཀྱི་རྟེན་རྙིང་རྣམས་གཡས་གཡོན་གྱི་མེ་རི་སོགས་ཀྱི་ནང་བཞུགས་ཤིང་དེ་དུས་གསར་བཞེངས་མཛད་པས་གུར་མགོན་ལྷ་བཅུ་གཉིས་མའི་སྟེང་དམག་ཟོར་རྒྱལ་མོ་དུར་ཁྲོད་བདག་པོ་ཡབ་ཡུམ་ཕུར་སྲུང་དཀར་བདུད་ལྕམ་དྲལ་འཁོར་རུ་འདྲེན་སྡེ་བཞི་དང་བཅས་པ་རྣམས་ས་འཇིམ་ལ་རྟེན་འདམ་སོགས་དང་། གནས་ཆེན་རྣམས་ཀྱི་ས་ཆུ་སོགས་བསྲེས་ཏེ་བསྐྲུན་པ་རྣམས་ལ་རིང་བསྲེལ་རྣམ་བཞི་གཟུངས་རྫོགས་སྤྱི་