R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༨༢
[A:༤༨༢]གི་མཚན་ཅན་གང་གི་ཞབས་རྗེས་སུ་འབྲང་ཞིང་བསྟན་པ་སྲུང་ཞིང་འཇིག་རྟེན་སྐྱོང་བར་བཀའ་བསྒོས་པའི་ལྷ་སྲུང་བཞི་ཙམ་ཡོད་པ་ལས། ཀུན་གྱི་གཙོ་མོ་ཤངས་མོ་རྡོ་རྗེ་བུ་ཁྲིད་དུ་གྲགས་པ་ནི། ཤངས་ཟ་ཕུའི་གནས་སྒོ་དང་པོ་དང་ཉེ་བར་སྐྱིད་ཕུག་པར་གྲགས་པའི་བུ་མོར་སྐྱེས་ཤིང་། རྒྱུན་དུ་གསོན་འདྲེ་བྱེད་ཅིང་ཀུན་ལ་ཁོག་ཞུགས་དང་གནོད་འཚེ་དྲག་པོ་བྱེད་པ་ཞིག་འགྲོ་མགོན་དབང་གི་མཚན་ཅན་ཉིད་ཁུལ་དེར་ཕེབས་སྐབས་བཀའ་བསྒོ་དམ་འདོགས་མཛད་པས་གཞན་ལ་དོན་མེད་གནོད་པ་ཅུང་ཆུང་དུ་སོང་བ་དེ་རྗེས་མོ་རང་ཡང་ཕྱི་ནང་མི་རྣམས་བརྒྱུད་པ་ཆད་དེ་མོ་རང་གི་ཅ་ལག་སྒོ་ཡི་ལྡེ་མིག་བཅས་ཕུལ་འབྱོར་ད་ལྟ་འདྲ་འབག་གི་མགོ་བོར་ཡོད་པ་བཞིན་དེ་སྐབས་ཤིན་ཏུ་འཚུབས་པས། སྤྱི་བྱེའི་བསྟན་པ་སྲུང་ཞིང་འཇིག་རྟེན་སྐྱོང་བར་བཀའ་བསྒོ་དམ་འདོགས་འཕྲིན་གསོལ་བཅས་མཛད་པ་ནས་བཟུང་། ད་ལྟའི་བར་གདན་ས་འདིར་བསྟན་སྲུང་རྣམས་ཀྱི་མངགས་གཞུག་ཏུ་གནས་ཏེ་སྲུང་སྐྱོབས་བྱས་པ་འདི་བཞིན་བྱུང་ཞིང་། དེ་མཚུངས་ཟབ་བུའི་གནས་བདག་གདོལ་པ་ནག་པོར་གྲགས་པ་ཡང་ཞབས་རྗེས་སུ་འབྲངས་པའི་འདི་ཉིད་ཁའུའི་གཞི་བདག་བཙན་ཆུང་བ་འདི་བཞིན་སྔགས་འཆང་ཆེན་པོས་བཀའ་བསྒོ་དམ་བཞག་མཛད་པ་ལ་མི་གནས་པའི་ཚུལ་གྱིས་བདག་ཆེན་ཉིད་ཀྱི་གཟིགས་སྣང་དུ། ཁའུ་ལུང་པ་ཐམས་ཅད་ཆུས་བཀང་སྟེ་གདན་ས་དུས་གཅིག་ཏུ་ཕབ་སྟེ་འཇོམས་པར་བྱེད་ཅིང་གཟིགས་པ་ན། བདག་ཆེན་དབང་གི་མཚན་ཅན་ཉིད་ཐུགས་འཁྲུགས་